དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་འདི་ཉིད་ཕྱི་སྦྱོང་དམིགས་ས་གསར་པར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-08

    ཉིན་ཤས་གོང་། ཞུས་ཞ་ཁེ་འགྲུལ་བཞུད་འགོ་ཚུགས་དུས་ཆེན་སྐབས་ཉེར་བཞི་པའི་རིམ་སྤེལ་བྱེད་སྒོར། ཀྲེ་ཅང་དུ་ཡོད་པའི་ཕྱི་སྦྱོང་སློབ་མ་བརྒྱ་ལྷག་ཙམ་ཞུས་ཞ་ཁེའི་རྗེས་བསྙེགས་ཏེ་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཉིང་ཧའེ་རྫོང་ཆན་ཐུང་གནའ་བོའི་གྲོང་རྡལ་དུ་བསྐྱོད་ཅིང་། ཐེངས་འདིའི་བྱེད་སྒོར་འགྲོ་སྐྱོད་ཞིབ་སློབ་དང་། དངོས་ལྗོངས་མྱོང་རོལ། རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། ཕྱི་རྒྱལ་གྱི་གཞོན་ནུ་ཚོར་འབྲི་ཆུའི་ལྷོ་རྒྱུད་ཀྱི་གནའ་བོའི་གྲོང་ཚོའི་ཉམས་འགྱུར་དང་མི་ཆོས་རིག་གནས་མྱོང་རོལ་ཐུབ་པར་བྱས་ཤིང་། འདི་ནི་ཉིང་པོ་གྲོང་ཁྱེར་ཉིང་ཧའེ་ཆན་རུང་གནའ་བོའི་གྲོང་རྡལ་དུ་ཕྱི་སྦྱོང་སློབ་མ་ཚོས་དེ་གའི་གྲལ་རིང་གསོལ་སྟོན་ལ་རོལ་བའི་རྣམ་པ་ཡིན་པ།

    མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་རྩ་འཛུགས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ཨ་ཀེན་ཐིན་དང་། ཀྲུང་གོ ཐུར་ཁེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་རྒྱལ་སྤྱིའི་མཐོ་རིམ་སློབ་གསོའི་རྣམ་གྲངས་ཀྱི་སློབ་མ་ཚོའི་ཕྱི་སྦྱོང་དམིགས་ས་གསར་པ་4རུ་གྱུར་ཡོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《མཐོ་རིམ་སློབ་གསོའི་གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་སྐོར་གྱི་སྙན་ཞུ》གཞིར་བཟུང་། གོང་གསལ་གྱི་རྒྱལ་ཁབ་4དར་རྒྱས་བྱུང་བ་དེས་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། འཇར་མན། ཁ་ན་ཏ། ཨུ་རུ་སུ། ཧྥ་རན་སེ་སོགས་རྒྱལ་ཁབ་དག་གི་དུས་ཡུན་རིང་པོའི་གཙོ་ཁྲིད་གནས་བབ་ལ་འགྲན་སློང་བྱེད་བཞིན་ཡོད་མོད། ཡིན་ན་ཡང་ཨ་རི་སོགས་རྒྱལ་ཁབ་འདི་དག་སྔར་བཞིན་རྒྱལ་སྤྱིའི་སློབ་མའི་ཕྱི་སྦྱོང་དམིགས་ས་གཙོ་བོ་ཡིན་པ་རེད།

    མིག་སྔར། གོ་ལ་ཧྲིལ་པོར་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་སློབ་མ་ཁྲི་730ཙམ་ཡོད་པ་ལས་ཧ་ལམ་ཕྱེད་ཀ་ཙམ་སྔར་བཞིན་གོང་གསལ་གྱི་རྒྱལ་ཁབ་བདུན་པོར་ཕྱིན་ཡོད་པ་རེད།

    ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་དུ། ཨ་ཀེན་ཐིན་ཕྱི་སྦྱོང་དམིགས་ས་གཙོ་བོར་གྱུར་ཡོད། 2023ལོར་རྒྱལ་ཁབ་དེས་བསྡུས་པའི་རྒྱལ་སྤྱིའི་སློབ་མའི་གྲངས་འབོར་གྱིས་རྒྱལ་ཁབ་དེའི་མཐོ་རིམ་སློབ་གསོའི་སློབ་ཞུགས་བསྡོམས་འབོར་གྱི་5%ཙམ་ཟིན་ཡོད། སློབ་མ་དེ་དག་ལས་མང་ཆེ་བ་ནི་པར་ཙིར་དང་། ཕེ་རུ། ཁོ་ལོམ་པི་ཡ། པོ་ལི་ཝེ་ཡ། ཕ་ར་ཀུའེ་སོགས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་ནས་ཡོང་བ་རེད།

    ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཕྱི་སྦྱོང་སློབ་མའི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཡིན་པ་མ་ཟད། ད་དུང་ཨེ་ཤེ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕྱི་སྦྱོང་སློབ་མ་བསྡུ་ལེན་བྱེད་མཁན་རྒྱལ་ཁབ་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་སློབ་མའི་གྲངས་འབོར་2012ལོ་ནས་2023ལོ་བར་ལྡབ་5ཙམ་འཕར་ཡོད། ཐུར་ཁེའི་རྒྱལ་སྤྱིའི་སློབ་མའི་གྲངས་འབོར་2012ལོ་ནས་2022ལོ་བར་ལྡབ་6ལྷག་ཙམ་འཕར་ནས་འཕར་ཚད་དེ་བས་མངོན་གསལ་དོད་པོ་ཡོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་རྩ་འཛུགས་ཀྱིས། འཕར་ཚད་དེའི་རིགས་དྲང་གཞག་གི་གོ་སྐབས་ལ་ཡོངས་སུ་འགྱུར་མི་ཐུབ་པ་དེའི་ཐོག་ནས་སྤུས་ཚད་ལེགས་ཤིང་བསྟུན་མཁས་རང་བཞིན་ལྡན་པའི་མཐོ་རིམ་སློབ་གསོ་གཉེར་བར་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་གསར་གཏོད་བྱེད་དགོས་ངེས་ཡིན་པ་གསལ་པོར་མཚོན་ཡོད་ཅེས་བསྟན་པ་རེད།

    —— ཨའེ་ཧྥེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།