དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་རླངས་འཁོར་བཟོ་སྐྲུན་ཁེ་ལས་ཁག“དེ་བས་ཀྲུང་གོ་ཅན”དུ་འགྱུར་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-08

    2026ལོའི་པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས(སྐབས་བཅུ་དགུ་པ)ཟླ་4ཚེས་24ཉིན་ནས་ཟླ་5ཚེས་3ཉིན་བར་ཀྲུང་གོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས(ཧྲུན་དབྱི་འགྲེམས་ཁང)དང་རྒྱལ་སའི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། འདི་ནི་ལྟད་མོ་བས་པེ་ཅིང་རླངས་འཁོར་འགྲེམས་ཚོགས་ཐོག་པའོ་མ་iX3རྟགས་ཅན་གྱི་རླངས་འཁོར་ལ་རྒྱུས་ལོན་བྱེད་བཞིན་པ།

    འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་ཆེད། འཛམ་གླིང་ས་གནས་ཁག་གི་རླངས་འཁོར་བཟོ་སྐྲུན་ཁེ་ལས་ཚང་མས་རང་ངོས“དེ་བས་ཀྲུང་གོ་ཅན”དུ་ཧུར་ཐག་བསྒྱུར་ནས་གསར་གཏོད་ཀྱི་མྱུར་ཚད་མགྱོགས་སུ་དང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག ཀྲུང་གོའི་ཁེ་ལས་དང་མཉམ་ལས་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་ཀྱི་ཡོད་པ་རེད།

    2026ལོའི་པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་ཐོག་ཕུད་འགྲེམ་རླངས་འཁོར་180ལྷག་འགྲེམས་སྟོན་བྱས་པར་གཞི་ཁྱོན་ལོ་གཉིས་གོང་གི་ལྡབ་གཉིས་ཡིན་པ་རེད། ཧྥ་རན་སེའི་རླངས་འཁོར་བཟོ་སྐྲུན་ཁེ་ལས་ལེ་ནུའོ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཧྥུའུ་ལང་སུའོ་ཝ·ཕུའུ་ལུའོ་ཝོ་སི་ཐེ་ཡིས། མིག་སྔར་ཀྲུང་གོ་འདི་ཉིད་ལག་རྩལ་དང་། མྱུར་ཚད། འགྲན་རྩོད་ནུས་ཤུགས་བཅས་ཚང་མ་ལས་རིགས་ཀྱི་མདུན་གྲལ་དུ་བསླེབས་འདུག་ཅེས་བཤད་པ་རེད།

    ནུབ་ཕྱོགས་ཀྱི་རླངས་འཁོར་བཟོ་སྐྲུན་ཁེ་ལས་ཁག་གིས་རང་ཉིད་ཀྱི་ལས་སྒོ་ཕྱོགས་ཡོངས་ནས་ལེགས་སྒྲིག་གིས་སྣང་ཚུལ་དེར་ཁ་གཏད་གཅོག་བཞིན་ཡོད་པ་དང་། ཏཱ་ཀྲུང་རླངས་འཁོར་ཚོགས་པའི་དོ་དམ་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨའོ་པོ་མུའུ་ཡིས་ཡོ་རོབ་ཀྱིས་འཛམ་གླིང་ལ་རླངས་འཁོར་ཇུས་འགོད་བྱེད་པ་དེ“འདས་དོན”དུ་གྱུར་ཡོད་ཅེས་བཤད་པ་དང་། མིག་སྔར། ཏཱ་ཀྲུང་རླངས་འཁོར་ཚོགས་པས་ཨན་ཧུའེ་ཧོ་ཧྥེ་རུ་འཇར་མན་དུ་ཡོད་པའི་སྤྱི་ཁྱབ་པུའུ་ཕུད་པའི་ཕྱོགས་བསྡུས་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཆེ་ཤོས་དེ་བསྐྲུན་པས་། ཞིབ་འཇུག་གསར་སྤེལ་གྱི་མྱུར་ཚད་ཡོ་རོབ་ལས་30%མགྱོགས་པ་དང་དེ་ག་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་དག་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁྲོམ་རར་འཚོང་རྒྱུ་ཡིན་པ་རེད།

    —— དབྱིན་ཇིའི《དཔལ་འབྱོར་རིག་པ་བ》ཡི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།