དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁར་ཚད་ལྡན་དོས་སྒམ་འབྱོར་གཏོང་བྱེད་ཚད་ཁྲི་20ལྷག་ཙམ་ཟིན་པ།

འདི་ནི་ཟླ་6ཚེས་2ཉིན། མཚོ་ལམ་དང་ལྕགས་ལམ་ནས་དབོར་འདྲེན་བྱེད་པའི་དུས་གཏན་མེ་འཁོར་ཞིག་དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁའི་ལས་སྒྲུབ་ར་བ་ནས་ཐོན་བཞིན་པ།
ཉེ་ཆར། མཚོ་ལམ་དང་ལྕགས་ལམ་ནས་དབོར་འདྲེན་བྱེད་པའི་དུས་གཏན་མེ་འཁོར་ཞིག་དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁའི་འགག་སྒོ་ལྟ་འདོམས་ཁུལ་ནས་ཐོན་པ་དང་ཆབས་ཅིག གྲུ་ཁ་དེར་དོས་སྒམ་འབྱོར་གཏོང་བྱེད་ཚད་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་20ལྷག་ཙམ་ཟིན་ཡོད། དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁ་ནི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཅིན་དབྱིའི“གྲུ་ཁའི་ཁུལ་དྲུག་པ”འཛུགས་སྐྲུན་གྱི་གཞི་རྟེན་གཙོ་བོ་ཞིག་ཡིན་པ་དང་། ན་ནིང་གི་ཟླ་6ཚེས་27ཉིན་སྤྱོད་འགོ་ཚུགས་པ་རེད།
འབྲེལ་ཡོད་གསར་འགྱུར།