ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན་པ།
—“སྐྱེ་ཁམས་རྩིས་ཁྲའི”ནང་གི་ལྗང་མདོག་གཏམ་རྒྱུད།

འདི་ནི་སེ་ཧན་རགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ།
ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་ཞིང་། ད་ལོའི་རང་རྒྱལ་གྱི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ་ནི“ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན”ཞེས་པ་དེ་རེད། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེ་མོའི་སྟེང་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ནང་དམངས་ཡོངས་ཞུགས་པ་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་ཡོད། འདི་ག་ཚགས་པར་གྱིས་དམིགས་བསལ་གནས་ཚུལ་སྤེལ་ནས། སྐྱེ་ཁམས་ཀྱི་རྩིས་ཁྲ་རེ་རེ་དང་ཉེ་འགྲམ་གྱི་བྱ་བ་རེ་རེ་ནས་ས་གནས་ཁག་གིས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་བྱ་སྤྱོད་ཕྲན་བུར་བརྟེན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད།
—— རྩོམ་སྒྲིག་པས།
འབྲེལ་ཡོད་གསར་འགྱུར།