དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་ལྡབ་1ལྷག་ཙམ་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-07

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་14%འཕར་བ་དང་འཕར་ཚད་དུས་མཚུངས་ཀྱི་བཟོ་ལས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལས་ཁག་སོ་སོར་བརྒྱ་ཆའི་གྲངས་8.4དང་1.4ཡིས་མཐོ་བ་ཡོད་པ་རེད།

    ཐོན་སྐྱེད་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཟླ་4པར་ཐོན་རྫས་གཙོ་བོའི་ཁྲོད་ལག་ཐོགས་ཁ་པར་གྱི་ཐོན་ཚད་དུང་ཕྱུར་4.52ཟིན་པ་དེ་དུས་མཚུངས་ལས་0.3%འཕར་བ་དང་དེའི་ནང་རིག་ནུས་ལག་ཐོགས་ཁ་པར་གྱི་ཐོན་ཚད་དུང་ཕྱུར་3.9ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བ་དང་། འདུས་གྲུབ་གློག་ལམ་ཐོན་ཚད་དུང་ཕྱུར་1769.7ཟིན་པ་དེ་དུས་མཚུངས་ལས་24.7%འཕར་ཡོད་པ་རེད།

    ཕྱིར་གཏོང་གི་འཕར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། རིམ་རྩིས་བརྒྱབ་ན། ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་དངོས་ཟོག་རྩིས་སྤྲོད་ཀྱི་རིན་ཐང་དུས་མཚུངས་ལས་5.4%འཕར་བ་དེ་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་1.2འཕར་ཡོད། འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། རང་རྒྱལ་གྱི་ཕྱིར་གཏོང་བརྙན་འཕྲིན་འཕྲུལ་འཁོར་དུས་མཚུངས་ལས་3.9%འཕར་བ་དང་ཕྱིར་གཏོང་འདུས་གྲུབ་གློག་ལམ་དུས་མཚུངས་ལས་10.6%འཕར་ཡོད་པ་རེད།

    ལས་རིགས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་སོང་བ། ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ལ་ལས་གཉེར་གྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་5.88བྱུང་བ་དེ་དུས་མཚུངས་ལས་15.7%འཕར་བ་དང་། ལས་གཉེར་གྱི་མ་གནས་སྒོར་དུང་ཕྱུར་ཁྲི་5.03ཟིན་པ་དེ་དུས་མཚུངས་ལས་12.7%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་3165ཟིན་པ་དེ་དུས་མཚུངས་ལས་ལྡབ་1.08འཕར་ཡོད་པ་རེད།

    མ་འཇོག་བྱེད་ཚད་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཟླ་དང་པོ་ནས་བཞི་པའི་བར་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་5.4%འཕར་བ་དེ་དུས་ཚིགས་དང་པོ་དང་མཉམ་པ་དང་། དུས་མཚུངས་ཀྱི་བཟོ་ལས་ལ་མ་འཇོག་བྱེད་པའི་འཕར་ཚད་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།