དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས།

    ད་ལོ་དམིགས་བསལ་བཟའ་བཅའི་བདེ་འཇགས་ལྟ་འདོམས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-07

    ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《2025ལོའི་དམིགས་བསལ་བཟའ་བཅའི་བདེ་འཇགས་ཀྱི་དུས་བབ་སྙན་ཞུ》ལས་མངོན་པར། 2025ལོའི་དམིགས་བསལ་བཟའ་བཅའི་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཐོ་འགོད་སྙན་དཔོད་ལས་དོན་བརྟན་ལ་ཕན་འབྲས་ཆེ་བ། ལྟ་འདོམས་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ལོ་འཁོར་འཐེན་བཤེར་གྱི་ཚད་ལོན་ཚད་99.72%ཟིན་ནས་དམིགས་བསལ་བཟའ་བཅའི་སྤུས་ཚད་ཀྱི་བདེ་འཇགས་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད།

    དམིགས་བསལ་བཟའ་བཅའི་ནང་བདེ་སྲུང་གི་བཟའ་བཅའ་དང་། དམིགས་བསལ་གསོ་རིག་ཐད་སྤྱོད་པའི་སྦྱོར་སྡེབ་བཟའ་བཅའ། ཕྲུ་གུ་དམར་འབྱར་གྱི་སྦྱོར་སྡེབ་བཟའ་བཅའ་སོགས་ཚུད་ཡོད། 2026ལོར། དམིགས་བསལ་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལས་དོན་གྱིས་འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་འབྲེལ་མཐུད་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམིགས་པ། རིག་ལྡན་ལྟ་འདོམས་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ལྟ་འདོམས་ཀྱི་འཕེལ་རིམ་རྗེས་སྙེག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་བྱ་རྒྱུ་རེད།

    མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམིགས་ནས་ལྟ་འདོམས་སྡེ་ཚན་གྱིས་དམིགས་བསལ་བཟའ་བཅའི་བདེ་འཇགས་རང་བཞིན་དང་། ཚན་རིག་རང་བཞིན། སྤུས་ཚད་ཚོད་འཛིན་རང་བཞིན་བཅས་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། ས་གནས་ས་ཐོག་ཏུ་ཞིབ་དཔྱད་དང་འཐེན་བཤེར་་ནན་པོ་བྱེད་པ། ལག་རྩལ་གསར་པའི་ཉེན་ཁར་ཁ་གཏད་གཅོག་པའི་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་པ་བཅས་བྱས་ཏེ་རང་རྒྱལ་གྱི་དམིགས་བསལ་བཟའ་བཅའི་འགག་རྩའི་མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫས་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་རང་བཞིན་དང་གཏན་འཇགས་རང་བཞིན་ཆེ་རུ་གཏོང་རྒྱུ་རེད།

    དེ་དང་ཆབས་ཅིག བདེ་སྲུང་བཟའ་བཅའི་རྒན་སྐྱོང་ནུས་པ་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་དང“འཚར་ལོངས་སྲུང་སྐྱོང”ཞེས་པའི་ཕྲུ་གུ་དམར་འབྱར་གྱི་ཞོར་ཟས་ཀྱི་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེར་གཏོང་བྱ་སྤྱོད་སྤེལ་ནས་དྲ་རྒྱའི་བཟའ་བཅའ་ཕྱིར་ཚོང་གི་དྲིལ་བསྒྲགས་རྫུན་མར་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་དམིགས་བསལ་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་གི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས། རྒྱ་ཆེའི་འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།