དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་ལ་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་80མང་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-07

    གསར་འགོད་པར་ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་མཁའ་འགྲུལ་ཟོག་འགྲུལ་ཡན་ལག་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན། རང་རྒྱལ་ལ་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་རྒྱུན་མཐུད་ངང་མང་དུ་ཕྱིན་ནས་ཟླ་5ཚེས་31ཉིན་བར་རྒྱལ་ཡོངས་སུ་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་80མང་དུ་བཏང་བ་དང་། གཟའ་འཁོར་རེར་འགྲོ་འོང་བྱེད་མཁན་དུས་གཏན་གནམ་གྲུ་180ལྷག་ཙམ་མང་དུ་བཏང་ཡོད། ཟླ་5པར། རྒྱལ་ཡོངས་སུ་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་11མང་དུ་བཏང་བ་དེ་དག་ཨེ་ཤེ་ཡའི་མཁའ་ལམ་7དང་། ཡོ་རོབ་ཀྱི་མཁའ་ལམ་3 མེ་གླིང་བྱང་མའི་མཁའ་ལམ་1བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།