དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱང་ལམ་གསར་པར་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་སྔར་བས་དར་སྤེལ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་དབྱི་ཆི། ལིའུ་ཅུན་གོ   |     སྤེལ་དུས།  2026-06-07

    དབྱར་ཟླ་ར་བའི་ཞོགས་པའི་ཉི་ཟེར་བསྐྱར་སྐྲུན་བྱས་པའི་1921ལོའི་ཅ་ཤིང་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་པ་སྒུག་སར་འཕྲོ་བའི་སྐབས། “ནན་ཧུའུ·1921”ཅེས་འཁོད་པའི་གསར་བརྗེའི་ཡུལ་སྐོར་མེ་འཁོར་ལྡིར་སྒྲ་དང་བཅས་དལ་བུས་འོང་བར་ཡུལ་སྐོར་བ་མང་པོ་གཅིག་མཇུག་གཉིས་མཐུད་ངང་ལྟ་བར་སླེབས་ཡོད།

    1921ལོའི་ཟླ་7ཚེས་23ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་ཡི་ཝང་ཀྲི་ལམ་སྒོ་རྟགས་106(དེང་གི་ཤིང་ཡེ་ལམ་སྒོ་རྟགས་76)ནང་དུ་གསང་བའི་ངང་འཚོགས་ཡོད།

    ས་གནས་ཁག་གི་གུང་ཁྲན་ཏང་གི་སྔོན་མའི་རྩ་འཛུགས་ཀྱི་འཐུས་མི་རྣམས་ཀྱིས་རྒྱལ་ཡོངས་ཀྱི་ཏང་ཡོན་50ལྷག་ཙམ་གྱི་ཚབ་བྱས་ནས་དེ་གར་འཛོམས་ཤིང་། ཁོང་ཚོའི་གནས་བབ་དང་ཡུལ་སྐད་མི་འདྲ་ནའང་ཐུན་མོང་གི་དམིགས་ཡུལ་ཞིག་གི་ཆེད་དུ་འདི་གར་སླེབས་ཡོད། སྐོར་གཡེང་འཛིན་བཟུང་བའི་གློ་བུར་འཇབ་རྒོལ་ཕོག་པའི་དབང་གིས་ཚོགས་འདུ་མཚམས་མི་འཇོག་ཀ་མེད་བྱུང་། དེ་ནས་འཐུས་མི་ཚོས་ཀྲེ་ཅང་ཅ་ཤིང་ནན་ཧུའུ་མཚེའུ་ཡི་ཡུལ་སྐོར་གྲུ་གཟིངས་ཤིག་ཏུ་སྤོས་ནས་ཚོགས་འདུའི་གྲོས་རིམ་ཁག་ལེགས་པར་བསྒྲུབས་ཡོད།

    ཀྲུང་གུང་ཚོགས་ཆེན་དང་པོས་བརྗིད་ཉམས་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་གྲོས་ཆོད་དང་པོར་གྲོས་འཆམ་ཡང་བྱུང་ཞིང་། ཡུལ་སྐོར་གྲུ་གཟིངས་དེས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གནམ་ས་འབྱེད་པའི་དུས་འགྱུར་ཆེན་པོར་བདེན་དཔང་བྱས་ཡོད།

    དུས་རབས་ལ་འཕོ་འགྱུར་བྱུང་ཡང་། གྲུ་དམར་འདི་ཉིད་སྔར་བཞིན་གནས་ལ་སྙིང་སྟོབས་ཀྱང་ཉམས་མེད། ཉེ་བའི་ལོ་ཤས་རིང་། ཅ་ཤིང་གིས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ཡོད།

    ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་གིས་ལོ་རེར་ཆ་སྙོམས་ལྟ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུ་ཞིང་། ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་གི་ཀོན་ཀྲང་ཝུའུ་ཅན་ཧྭ་ཡིས“ང་ཚོས་གསར་བརྗེའི་ཐོན་ཁུངས་ལ་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་གི་ཡིན”ཞེས་བཤད།

    ཅ་ཤིང་སློབ་ཆེན་གྱི་དགེ་སློབ་ཚོས་ཀྲུང་གུང་ཚོགས་ཆེན་དང་པོའི་ལོ་རྒྱུས་དཔྱད་གཞི་གཙོ་བོར་བཟུང་ནས་གཏམ་བརྗོད་ཟློས་གར《ཐོག་མའི་བསམ་འདུན》ཞེས་པ་རྩོམ་སྒྲིག་བྱས་ཤིང་། 2017ལོར་ཐོག་མར་འཁྲབ་སྟོན་བྱས་པ་ནས་བཟུང་། སློབ་གྲྭ་ཐོན་ཐེངས་ཁག་10ཡི་སློབ་མ་ཚོས་རྒྱུན་མཐུད་འཁྲབ་སྟོན་ཐེངས་170ལྷག་ཙམ་བྱས་པ་དང་གྲོང་ཁྱེར་60ལྷག་ཙམ་ལ་ཁྱབ་ཡོད།

    ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་མོས་མཐུན་བྱས་པའི《ཅ་ཤིང་གི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་གི་འཆར་འགོད(2021ལོ་ནས་2035ལོའི་བར)》ནང་། གསར་བརྗེའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁོངས་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོ་ཆ་ལག་ཚང་པོས་སྲུང་སྐྱོང་རྒྱུན་འཛིན་བྱེད་པའི་མ་ལག་ནང་བཅུག་པ་མ་ཟད། གྲུ་དམར་གནས་སའི་ནན་ཧུའུ་མཚེའུ་ཡི་ས་ཁོངས་དེ་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་བྱ་ཡུལ་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་འཁོད་ཡོད།

    ད་ཆ་བསྐྱར་སྐྲུན་བྱས་པའི་1921ལོའི་ཅ་ཤིང་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་པ་སྒུག་ས་དང་། ཧྲེ་ཙི་ཧུའེ་གྲུ་ཁ། ནན་ཧུའུ་མཚེའུ་ཡི་མཚོ་སྙིང་གླིང་ཕྲན་སོགས་ལའང་ཅ་ཤིང་གྲོང་ཁྱེར་གྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་བཏོད་པར་ས་གནས་ཁག་གི་ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ་ཡོད།

    གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱེད་སྐབས། མིག་སྔ་གནད་ཆེར་བཟུང་བ་དང་འབྱུང་འགྱུར་ལ་ཇུས་འགོད་བྱས་ཡོད།

    འདི་གར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་བཞིན་པ་སྟེ།

    ཀྲེ་ཅང་ཆིང་ཧྭ་འབྲི་ཆུའི་ཟུར་གསུམ་གླིང་ཞིབ་འཇུག་ཁང་གིས་རིམ་རྩིས་བརྒྱབ་ན། ཚན་རྩལ་ཁེ་ལས་2600ལྷག་ཙམ་ནང་འདྲེན་དང་སྐྱེད་སྲིང་བྱས་པའི་ཐོག མ་དངུལ་བཏང་ནས་ཁྲོམ་ཞུགས་ཁེ་ལས་82སྐྱེད་སྲིང་བྱས་ཏེ་རྒྱལ་ཡོངས་ཀྱི་གསར་གཏོད་གཞི་རྟེན་གསར་པ་རྩེ་གྲ་ཞིག་ཧུར་ཐག་བཏོད་ཡོད།

    འདི་གར་གྲངས་འཛིན་དཔལ་འབྱོར་གྱི་ཚ་རླབས་འཕྱུར་བཞིན་པ་སྟེ།

    རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་ཝུའུ་ཀྲེན་ལྟེ་གནས“ཝུའུ་ཀྲེན་གྱི་འོད་སྣང”ཞེས་པར་རྩིས་རྒྱག་ནུས་པ་ཆེན་པོ་དེ་ཡོད་ཅིང་། མིག་སྔར་རིམ་འདས་རྩིས་རྒྱག་བཀོལ་སྤྱོད་སྒྲིག་ཆས་106བཀོད་སྒྲིག་བྱས་ཡོད་པ་མ་ཟད། དེར་ཞབས་ཞུའི་ཁེ་ལས་དང་ཚན་ཞིབ་སྒྲིག་གཞི་100ལྷག་ཙམ་ཟིན་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    འདི་གར་ཐུན་མོང་ཕྱུག་འགྱུར་གྱི་རྨང་གཞི་མངོན་གསལ་དོད་པ་སྟེ།

    ཅ་ཤིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ལྡབ་ཁྱད་1.48བར་ཆུང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ལོ་22བསྟུད་མར་ཀྲེ་ཅང་ཞིང་ཆེན་གྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་སྟེ། རྗེས་ལུས་ཀྱི་གྲོང་ཚོ་མི་ཉུང་བ་ཞིག་ཐུན་མོང་དུ་ཕྱུག་པོར་གྱུར་ནས་ཡུལ་མི་ཚོའི་འཚོ་བ་སྔར་བས་སྐྱིད་དུ་སོང་ཡོད།

    འདི་གར་ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་བརྟན་པོ་སྤོ་བཞིན་པ་སྟེ།

    མི་རིང་བའི་གོང་། ཅ་ཤིང་ནན་ཧུའུ་གནམ་ཐང་གི་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་ཐོག་མ་དངོས་སུ་ཤར་གཏོང་ཐུབ་ནས། “ཨེ་ཤེ་ཡར་ཁྱབ་འགྱེད་དང་། ཡོ་རོབ་དང་ཨ་མེ་རི་ཁར་ཤར་གཏོང་ཐུབ་པའི”རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་དྲ་རྒྱ་ཞིག་རགས་ཙམ་བཏོད་ཅིང་། ཅ་ཤིང་མཁའ་འགྲུལ་ཟོག་འགྲུལ་འགག་གནད་དེ་ཅ་ཤིང་མཁའ་འགྲུལ་དཔལ་འབྱོར་ཁུལ་གྱི་སྣེ་འདྲེན་དུ་འགྱུར་བཞིན་ཡོད།

    ལོ་བརྒྱའི་ལོ་རྒྱུས་ལྡན་པའི་ཏང་ཆེན་པོར་དར་རྒྱས་ཆེན་པོ་འབྱུང་བཞིན་ཡོད། རྒྱང་ལམ་གསར་པར་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་སྔར་བས་དར་སྤེལ་ལེགས་པར་བཏང་སྟེ། རླབས་གཤག་མདུན་སྐྱོད་ཀྱི་དཔའ་ངར་ཆེན་པོར་བརྟེན་ནས་ང་ཚོས་དེ་བས་གཟེངས་སུ་ཐོན་པའི་རྒྱུགས་ལན་སྤྲད་དེ་འོད་སྟོང་གསར་པ་དེ་བས་ཆེ་བ་གཏོད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།