2026ལོའི་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་སྦྲེལ་མཐུད་ཀྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། བཟོ་འཕྲིན་པུའུ་སོགས་སྡེ་ཚན་5ཡིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས་2026ལོའི“ཁེ་ལས་ཁྲི་ཡིས་བྱེད་སྒོ་བརྒྱ་སྤེལ་བའི”ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་སྦྲེལ་མཐུད་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་དུས་ཚོད་ནི་ཟླ་5པ་ནས་12པའི་བར་ཡིན་ཞིང་། གཙོ་གནད་ལས་རིགས་ཀྱིས་ཆེད་དོན་སྦྲེལ་མཐུད་ཀྱི་བྱེད་སྒོ་སྤེལ་བ་དང་། ཀྲུང་དབྱང་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱིས་ཁེ་ལས་འབྲིང་ཆུང་དང་ཆེད་དོན་སྦྲེལ་མཐུད་བྱེད་པ། ས་གནས་ཁག་གིས་རིམ་པ་དང་ཁྱབ་ཁོངས་ཕྱེ་ནས་སྦྲེལ་མཐུད་བྱེད་སྒོ་སྣ་ཚོགས་བཅས་བྱ་རྒྱུ་རེད། དེའི་ནང་འཕྲུལ་མི་དང་། ཞབས་ཞུའི་འཕྲུལ་ཆས། མི་ཐབས་རིག་ནུས་ཀྱི་མཐའ་སྣེ་སོགས་གཙོ་གནད་ལས་རིགས་སྦྲེལ་མཐུད་ཀྱི་བྱེད་སྒོ་སྤེལ་རྒྱུ་ཚུད་ཡོད།
བྱེད་སྒོ་དེས་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་སྦྲེལ་མཐུད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཤེས་རིག་བདག་དབང་གི་ཞབས་ཞུའི་སྒྲིག་གཞི་དང་། མཐོ་རིམ་སློབ་གླིང་དང་སློབ་གྲྭ ཚན་ཞིབ་ཁང་དང་སུའོ། དངུལ་རྩའི་སྒྲིག་གཞི་སོགས་ཕྱོགས་ཁག་གི་ཐོན་ཁུངས་གཅིག་སྡུད་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེ་གྲས་དབར་སྤེལ་རེས་དང་། འགྲེམས་སྟོན། ཞབས་ཞུ། འབྲེལ་མཐུད་བཅས་ཀྱི་ལས་སྟེགས་བསྐྲུན་རྒྱུ་དང་། སྡེ་ཚན་མཉམ་འགུལ་དང་། གོང་འོག་སྐུལ་འདེད། ཁྲོམ་རས་སྐུལ་ཁྲིད་བཅས་བྱས་པ་བརྒྱུད། མཉམ་འདྲེས་སྦྲེལ་མཐུད་ཀྱི་ཁྱབ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།