2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་རང་སའི་གྲོང་ཁྱེར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།
ཚེས་3ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། 2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6ཚེས་13ཉིན་ནི་2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“རིག་དངོས་མི་དམངས་ལ་དབང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ”དེ་ཡིན་པ་དང་། རང་སའི་གྲོང་ཁྱེར་གྱི་བྱེད་སྒོ་དེ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ། རང་སའི་གྲོང་ཁྱེར་གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་། “རིག་དངོས་མི་དམངས་ལ་དབང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོའི་གླེང་སྟེགས། རིག་དངོས་ཚན་རྩལ་གསར་གཏོད་གླེང་སྟེགས་སྐབས་དྲུག་པ་བཅས་གཉེར་རྒྱུ་མ་ཟད། བརྗོད་དོན་གཅོ་བོའི་འགྲེམས་སྟོན་བྱས་ནས་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་མིང་ཐོ་དང“རིག་དངོས་བདེ་འཇགས་སྲུང་སྐྱོང་བའི”མིང་ཐོ་སོགས་ཁྱབ་བསྒྲགས་བྱ་རྒྱུའང་རེད།
ཧུའུ་པེ་ཞིང་ཆེན་གྱིས་རིག་དངོས་འགྲེམས་སྟོན་དང་། ཆེད་དོན་འཆད་ཁྲིད། ཞིབ་སློབ་ཀྱི་ལག་ལེན། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས། རིག་གནས་བསམ་བཀོད་འགྲེམས་སྟོན། མཉམ་འགུལ་ཉམས་ལེན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། གྲོང་ཁྱེར་དང་ཀྲོའུ་ཁག་གིས་ཀྱང་དུས་གཅིག་ཏུ་ཁྱད་ལྡན་བྱེད་སྒོ་བརྒྱ་ལྷག་ཙམ་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།