མཛེས་སྡུག་ལྡན་པའི་ཀྲུང་གོ་ཡིས། ཕྱོགས་བཞིའི་སྐུ་མགྲོན་འཛུམ་གྱིས་བསུ།

ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཀྱི་ཐང་ཆེན་བྱང་རྒྱུད་དུ་དྲན་རྟེན་པར་བརྒྱབ་ནས་གཱ་ཐོ་འགོད་བཞིན་པ།

ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་ཆི་ལུའོ་ཁྲོམ་གཞུང་རྙིང་པར་ལྟ་སྐོར་བྱེད་བཞིན་པ།

ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཧྥུའུ་ཁང་གྲོང་ཁྱེར་ཐེན་ཧྲན་ཐེན་ཁྲེ་མཛེས་ལྗོངས་ཁུལ་དུ་གཱ་ཐོ་འགོད་པ་དང་དྲན་རྟེན་པར་རྒྱག་བཞིན་པ།

ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་ལུང་ཧྲེང་མི་རིགས་ཁག་གི་རང་སྐྱོང་རྫོང་ལུང་ཅི་གྲོང་རྡལ་ཅིན་ཅང་གྲོང་ཚོའི་ཧོང་ལུའོ་ཡའོ་གྲོང་སྡེར་ས་གནས་དེ་གའི་མང་ཚོགས་དང་ཕྱི་རྒྱལ་གྱི་གྲོགས་པོ་མཉམ་དུ་གླུ་དབྱངས་ལེན་བཞིན་པ།

ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་ལུང་ཧྲེང་མི་རིགས་ཁག་གི་རང་སྐྱོང་རྫོང་ལུང་ཅི་གྲོང་རྡལ་ཅིན་ཅང་གྲོང་ཚོའི་ཧོང་ལུའོ་ཡའོ་གྲོང་སྡེར་ས་གནས་དེ་གའི་མང་ཚོགས་དང་ཕྱི་རྒྱལ་གྱི་གྲོགས་པོ་མཉམ་དུ་གླུ་དབྱངས་ལེན་བཞིན་པ།

ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དབྱི་རེན་ཧྥང་ཞིབ་སྦྱོང་སྒར་སར་ཕྱི་རྒྱལ་གྱི་གཞོན་ནུས་ཐང་རྫ་ཚོན་གསུམ་གྱི་རིག་དངོས་ཉམས་གསོའི་ཞིབ་སྦྱོང་ཉམས་ལེན་བྱེད་སྒོར་ཞུགས་པ།

ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ཁྲང་ལིན་ཧོ་གྲོང་རྡལ་ལིའུ་ཅ་ཧྥན་སྡེ་ཁུལ་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་སྐྲ་རྒྱན་མེ་ཏོག་འདོགས་བཞིན་པ།

ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲན་ཐིང་ཆུས་ཧྥེང་མའོ་གྲོང་རྡལ་གྱི་ཁམ་བུའི་མེ་ཏོག་དུས་ཆེན་ཐོག་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཁམ་བུའི་མེ་ཏོག་ཁྲོད་ཅི་དགར་རོལ་བཞིན་པ།
ཡོང་དུས་ཡ་མཚན་རབ་ཏུ་སྐྱེས། ལོག་དུས་འབྲལ་དོད་མེད་པར་གྱུར། ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”རྒྱུན་མཐུད་རྒྱ་ཆེར་ཕྱིན་པ་དང་སྒུལ་བདེའི་གཏོང་སྤྲོད་སོགས་སྟབས་བདེའི་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། ཀྲུང་གོར་ཡུལ་སྐོར་བྱེད་པ་དེ་གཱ་ཐོ་བཀོད་ནས་ལྟ་སྐོར་བྱེད་པ་ནས་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱེད་པའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད། ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་དེ་འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་རྣམ་པར་མྱོང་རོལ་བྱེད་པ་དང་། ཚོང་ཁང་དུ་བསྐྱོད་དེ་རང་ཉིད་དགའ་བའི་ཐོན་རྫས་ཉོ་བ། རྟེན་མཛོད་ཁང་དུ་བསྐྱོད་དེ་རིག་དངོས་ཉམས་ལེན་བྱེད་པ་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བའི་འདྲེན་བྱེད་ལམ་དུ་གྲལ་སྟར་འགྲིག་ལ་གོ་རིམ་ལྡན་པའི་གྲོང་ཁྱེར་གྱི་རྣམ་པ་དང་འཆམ་མཐུན་དང་འཁྲུག་ཆ་དོད་པའི་ཀྲུང་གོ་ཞིག་རིམ་བཞིན་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།