མཚོ་བོད་ས་མཐོ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་ཐད་ཀར་འབྱོར་བའི་ཟོག་འདྲེན་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ།
གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་ཆར་ཏུན་སྟོང་ཙམ་གྱི་ཁིལ་འདུས་ཁ་སིན་བླུགས་པའི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཐེངས་75164/3(ཟི་ལིང་ནས་ཧུའུ་ཀྲི་མིང་བར)མཚོ་སྔོན་གྱི་ཟི་ལིང་ཧྲོང་ཀྲའེ་འབབ་ཚུགས་ནས་དལ་གྱིས་ཐོན་པ་དེ་ཐོག་ནས་མཚོ་བོད་ས་མཐོ་རང་ས་ནས་ཐོན་སྐྱེད་བྱས་པའི་ཟོག་ཁུངས་ལྕགས་ལམ་བརྒྱུད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྲོམ་རར་ཐད་ཀར་འབྱོར་བའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་མེད་པ་ནས་ཡོད་པར་གྱུར་པ་མཚོན་གྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དུས་གཏན་མེ་འཁོར་དེ་ཧྲོང་ཀྲའེ་འབབ་ཚུགས་ནས་ཐོན་རྗེས། ནུབ་རྒྱུད་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པ་བརྒྱུད་ཀོང་ཤིས་ཕིང་ཤང་འགག་སྒོ་ནས་སྒྲོལ་རྗེས་མཐར་ཝེ་ཐེ་ནམ་གྱི་ཧུའུ་ཀྲི་མིང་གྲོང་ཁྱེར་དུ་འབྱོར་གྱི་ཡོད། དུས་གཏན་མེ་འཁོར་ལ་ཁྱོན་དོས་སྒམ་འཁོར་སྒྲོམ་35བསྒྲིགས་ནས་བརྒྱུད་རིམ་ཧྲིལ་པོར་ལྕགས་ལམ་གྱི་སྐྱེལ་འདྲེན་བྱས་པས་ཟོག་འགྲུལ་དུས་ཡུན་ཐུང་དུ་ཤུགས་ཆེན་ཕྱིན་པ་མ་ཟད། ཁེ་ལས་ཀྱི་ཕྱོགས་བསྡུས་ཟོག་འགྲུལ་མ་གནས་ཀྱང་དམའ་རུ་ནུས་ལྡན་སོང་ནས་མཚོ་སྔོན་གྱི་ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་པ་སོཌ་ལེགས་ཆའི་ཐོན་རྫས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་ར་གསར་འབྱེད་བྱ་ཆེད། རྒྱལ་སྒྲོལ་ཟོག་འགྲུལ་གྱི་བགྲོད་ལམ་བརྟན་ལ་ནུས་ལྡན་ཞིག་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།