དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བསྐྲུན་པའི་གཙང་པོ་དང་རྒྱ་མཚོ་སྦྲེལ་བའི་མིས་བཟོས་གཙང་པོ་ཐོག་མ།

    ཕིང་ལུའུ་མིས་བཟོས་གཙང་པོའི་ཆུ་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-06

    འདི་ནི་ཟླ་6ཚེས་3ཉིན་པར་བརྒྱབ་པའི་ཀོང་ཤིས་ཕིང་ལུའུ་མིས་བཟོས་གཙང་པོའི་མཱ་ཏའོ་ལྟེ་གནས་སུ་ཆུ་གསོག་བཞིན་པ།

     ཟླ་6ཚེས་3ཉིན། ཕིང་ལུའུ་མིས་བཟོས་གཙང་པོའི་མཱ་ཏའོ་ལྟེ་གནས་དང་ཆི་ཧྲི་ལྟེ་གནས་ལ་ཆུ་གསོག་འགོ་ཚུགས་པ་དེ་ཐོག་ནས་ཕིང་ལུའུ་མིས་བཟོས་གཙང་པོའི་ཆུ་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་ཞིང་། དེས་ཟླ་9པར་གྲུ་གཟིངས་ཤར་གཏོང་ཐུབ་པར་རྨང་གཞི་བཏིང་ཡོད།

    ཕིང་ལུའུ་མིས་བཟོས་གཙང་པོ་ནི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་ཞིག་ཡིན་ཞིང་། དེ་བྱང་རྒྱུད་གི་ཀོང་ཤིས་ཧེང་ཀྲོའུ་གྲོང་ཁྱེར་ཕིང་ཐང་ཅང་གཙང་པོ་ནས་འགོ་བཙུགས་ཏེ་ཆིན་ཀྲོའུ་གྲོང་ཁྱེར་ལིང་ཧྲན་རྫོང་ལུའུ་ཝུའུ་གྲོང་རྡལ་བརྒྱུད། ཆིན་ཅང་གཙང་པོ་ནས་བྱང་རྒྱུད་མཚོ་ཁུག་བར་སྤྱིའི་རིང་ཚད་ལ་སྤྱི་ལེ་134.2ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བསྐྲུན་པའི་གཙང་པོ་དང་རྒྱ་མཚོ་སྦྲེལ་བའི་མིས་བཟོས་གཙང་པོ་ཐོག་མ་ཡིན་པའི་ཕིང་ལུའུ་མིས་བཟོས་གཙང་པོས་ཤིས་ཅང་གཙང་པོ་ནས་བྱང་རྒྱུད་མཚོ་ཁུག་བར་གྱི་གཙང་པོ་དང་རྒྱ་མཚོ་ཐད་ཀར་སྦྲེལ་བའི་ཆུ་ལམ་བཏོད་པས་ཏུན་5000ཟིན་པའི་གྲུ་གཟིངས་སྐྱོད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།