དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་གོའི་བོད་རིག་པ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་བོད་འབྲེལ་རྩེར་སོན་རིག་མཛོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-06

     ཚེས་3ཉིན། “ཀྲུང་གོའི་བོད་རིག་པ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་བོད་འབྲེལ་རྩེར་སོན་རིག་མཛོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལི་ཀན་ཅེ་ཡིས་གསུངས་དོན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་ནས་ལོ་40སོང་རིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་བྱེད་ནུས་འདོན་སྤེལ་དང་། རྒྱ་ཆེའི་བོད་རིག་པའི་ལས་དོན་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་བོད་འབྲེལ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དང་ཀྲུང་གོའི་རང་ཚུགས་ཀྱི་བོད་རིག་པའི་ཤེས་བྱའི་མ་ལག་འཛུགས་པ། རིག་གཞུང་གི་བརྒྱུད་བསྒྲགས་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ། ཞིབ་འཇུག་རྣམ་པ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་འཕེལ་རིམ་གསར་པར་སླེབས་ཏེ། ཀྲུང་གོའི་བོད་རིག་པའི་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

    ལི་ཀན་ཅེ་ཡིས་གསུངས་དོན། མིག་སྔའི་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་ཤིང་། བོད་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། བོད་རིག་པ་ཞིབ་འཇུག་གི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གནས་བབ་བརྟན་དུ་དང་། བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ། བོད་འབྲེལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ། བོད་འབྲེལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཐོན་པའི་ནུས་པ་དེ་བས་གལ་འགངས་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བོད་རིག་པ་ཞིབ་འཇུག་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། འཐབ་ཇུས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཏང་གི་བོད་འབྲེལ་ལས་དོན་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གྲུབ་འབྲས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་འབྲེལ་གྱི་ཕྱི་ཕྱོགས་སྤེལ་རེས་དང་དྲིལ་བསྒྲགས་བྱ་ཐབས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། ཐོན་ཁུངས་བསྡུ་སྒྲིལ་ཐད་ཤུགས་སྣོན་བརྒྱབ་སྟེ་རིག་མཛོད་གྲུབ་འབྲས་ཐོན་པ་དང་གཞན་སྒྱུར་གྱི་ལམ་སྲོལ་གསར་གཏོད་བྱེད་དགོས། ཤེས་ལྡན་པའི་རྨང་གཞི་བརྟན་དུ་བཏང་སྟེ་བོད་རིག་པ་ཞིབ་འཇུག་གི་གསར་གཏོད་གསོན་ཤུགས་འཕེལ་བར་བྱས་ནས་བོད་རིག་པ་ཞིབ་འཇུག་ལ་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།