སྡེ་ཚན་བཞི་ཡིས་ན་སོ་དར་ལ་མ་བབས་པའི་མིར་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་ཀའི་ཕྱོགས་སྟོན་བཀྲམ་པ།
ཉེ་ཆར། གསར་འགོད་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས《གྱོད་དཔེ་དཔྱད་གཞིར་བཟུང་ནས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་དང་བྱ་སྤྱོད་ལ་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་ཀའི་ཕྱོགས་སྟོན》མཉམ་དུ་བཀྲམ་ཞིང་། དེའི་དམིགས་ཡུལ་ནི་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་བཟང་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་དང་བྱ་སྤྱོད་ཀྱི་ནོར་འཛོལ་འབྱུང་རྩ་ནས་སྔོན་འགོག་དང་ཡོ་བསྲང་བྱ་ཆེད་ཡིན་པ་རེད།
ཕྱོགས་སྟོན་ནང་། ནར་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་བརྒྱུད་རིམ་ནང་ཐོན་སྲིད་པའི་བསམ་བློ་དང་བྱ་སྤྱོད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དམིགས་ནས་སློབ་གསོ་ཁྲིད་སྟོན་ལས་དོན་སྤེལ་བར་ཤུགས་རྒྱག་ས་མང་པོ་ཁ་གསལ་བཟོས་ཡོད། དེའི་ནང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་བྱ་སྤྱོད་ཀྱི་དབྱེ་མཚམས་གསལ་འབྱེད་དང་། རང་སྡོད་སར་གཞན་འཇོག་པའི་བསམ་བློ་སྐྱེད་སྲིང་བྱས་ནས་བླ་ན་མེད་པའི་ཀུན་སྤྱོད་ཀྱི་བསམ་བློའི་འཁྱེར་སོ་གསོ་སྐྱོང་བྱེད་པ། ངལ་མེད་འབྲས་ལེན་གྱི་བསམ་བློ་ཐོན་པར་སྔོན་འགོག་བྱས་ནས་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཡང་དག་པའི་འཛད་སྤྱོད་ཀྱི་ལྟ་བ་བཙུགས་ནས་གྲོན་ཆུང་བསྲི་ཚགས་གོང་དུ་བཀུར་བ། གྲོགས་པོ་སྒྲིག་པའི་མཐའ་ཚད་ཡག་པོ་བསྲུངས་ནས་གྲོགས་བཟང་པོ་སྒྲིག་རྒྱུའི་གྲོས་འགོ་འདོན་པ། བསམ་བློའི་འཁྱེར་སོ་ངན་པ་དོར་ནས་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱེད་པ། གདོང་གཏུག་སེལ་བའི་འཇོན་ཐང་ཆེ་རུ་བཏང་ནས་འཕྲལ་མར་ཁོང་ཁྲོ་མི་ལང་པར་བྱེད་པ། དྲ་རྒྱར་དབྱིངས་མི་ཞུགས་པར་ཚན་རིག་དང་མཐུན་ལ་ཡ་རབས་ངང་དྲ་རྒྱ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ་སོགས་ཚུད་ཡོད། རིམ་ཁག་ཁྲིམས་ཁང་དང་། སློབ་གསོ། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་ཕྱོགས་སྟོན་འདི་བེད་ཡག་པོ་སྤྱད་ནས་སློབ་གསོ་དང་། ཁྲིད་སྟོན། སྲུང་སྐྱོང་བཅས་ཟུང་དུ་འབྲེལ་བ་མཐའ་འཁྱོངས་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་དང་བྱ་སྤྱོད་ཚད་ལྡན་ཡོང་བར་སློབ་གསོ་ཁྲིད་སྟོན་བྱེད་པ་དེ་རྒྱུན་གཏན་འཚོ་བའི་ནང་ཁྱབ་པར་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་ན་སོ་དར་ལ་མ་བབས་པའི་མི་འཚར་ལོངས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།