དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《དྲ་སྦྲེལ་ཆ་འཕྲིན་ནང་དོན་ཐབས་ལམ་མང་པོ་ནས་གཏོང་བའི་ཞབས་ཞུའི་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-06

     ཟླ་6ཚེས་1ཉིན་གསར་འགོད་པར་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་དང་། སྤྱི་བདེ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《དྲ་སྦྲེལ་ཆ་འཕྲིན་ནང་དོན་ཐབས་ལམ་མང་པོ་ནས་གཏོང་བའི་ཞབས་ཞུའི་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་ཤིང་། ད་ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་དྲ་སྦྲེལ་ཆ་འཕྲིན་ནང་དོན་ཐབས་ལམ་མང་པོ་ནས་གཏོང་བའི་ཞབས་ཞུ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ནས་དྲ་རྒྱའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་ཡིན་པ་རེད།

    གཏན་འབེབས་ནང་བླང་བྱ་བཏོན་པར། དྲ་སྦྲེལ་ཆ་འཕྲིན་ནང་དོན་གྱི་ཐབས་མང་ཞབས་ཞུའི་སྒྲིག་གཞིས་ཁྲིམས་ལྟར་གཉེར་སྐྱོང་བྱེད་པོ་ཐོ་འགོད་བྱེད་པ་དང་འབྲེལ་ཁྲིམས་ལྟར་དེ་མཚུངས་ཀྱི་སྲིད་འཛིན་ཆོག་མཆན་ཐོབ་དགོས་པ་དང་། ལས་སྟེགས་ཀྱིས་ངེས་པར་དུ་དྲ་སྦྲེལ་ཆ་འཕྲིན་ནང་དོན་ཐབས་ལམ་མང་པོ་ནས་གཏོང་བའི་ཞབས་ཞུའི་སྒྲིག་གཞི་དང་བཅའ་བཞུགས་གྲོས་མཐུན་འཇོག་དགོས་པ་མ་ཟད། བཅའ་བཞུགས་གནས་ཚུལ་དུས་ཐོག་ཏུ་ས་གནས་དེ་གའི་ཞིང་ཆེན་རིམ་པའི་དྲ་འཕྲིན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ། ལས་སྟེགས་ཀྱིས་མངོན་གསལ་དོད་པའི་རྣམ་པའི་ཐོག་ནས་དྲ་སྦྲེལ་སྤྱོད་མཁན་སྤྱི་དམངས་ཀྱི་ཨང་རྟགས་ཆ་འཕྲིན་དྲ་ངོས་སུ་ཨང་རྟགས་དེ་གཏོགས་ཁོངས་ཀྱི་དྲ་སྦྲེལ་ཆ་འཕྲིན་ནང་དོན་ཐབས་ལམ་མང་པོ་ནས་གཏོང་བའི་ཞབས་ཞུའི་སྒྲིག་གཞིའི་མིང་གསལ་པོ་མངོན་པར་བྱེད་དགོས།

    གཏན་འབེབས་ནང་ཁ་གསལ་བཏོན་པར། མཐོང་ཐོས་རྙོག་བཟོ་དང་སྤྱི་དམངས་ལ་གོ་བ་ལོག་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པ་དང་། ལོ་བཅུ་དྲུག་ལ་མ་ལོན་པའི་ཕྲུ་གུར་དྲ་རྒྱའི་ཐད་གཏོང་དང་འབྲེལ་ཡོད་ཞབས་ཞུ་མཁོ་འདོན་བྱས་མི་ཆོག་པ། དྲ་རྒྱའི་ཐད་གཏོང་གི་ཚོང་གཉེར་བྱེད་སྒོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཐད་གཏོང་གི་ཚོང་ཟོག་འདེམས་པའི་ལམ་སྲོལ་དང་ནོར་བཅོས་ལམ་སྲོལ་ཚད་ལྡན་འཛུགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།