དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་གི་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་གསུམ་པ་ཏུན་ཧོང་དུ་འཚོཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-06

     ཟླ་6ཚེས་3ཉིན། “ཀྲུང་ཕྱིའི་ཤེས་དཔལ་དང་བློ་གྲོས་གཅིག་ཏུ་བསྡུས་ནས། དུས་རབས་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་གི་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་གསུམ་པ་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། ཚོགས་འདུ་དེ་ནི་ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་70ཡི་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཐུས་མི་300ལྷག་ཙམ་ཞུགས་ཡོད་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་འགན་འཁུར་བས་ཤིས་ཚིག་སྒྲོན་སྐབས། རྒྱ་རིག་པའི་ཞིབ་འཇུག་ནི་ཀྲུང་ཧྭའི་ཤེས་དཔལ་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཀྱང་རེད། ང་ཚོས་འཛམ་གླིང་གི་རྒྱ་རིག་པ་མཁས་ཅན་སོགས་ལས་རིགས་ཁག་གི་གྲོགས་པོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོའི་རིག་གནས་ཁྱབ་སྤེལ་དང་། ཀྲུང་ཕྱིའི་མཛའ་གྲོགས་ལ་སྐུལ་འདེད། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་མཉམ་དུ་དོན་འཁྱོལ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།