ཀྲུང་ཧྥའི་གཞོན་སྐྱེས་འགོ་ཁྲིད་པའི་གླེང་སྟེགས་སྐབས་བཅུ་པ་འཚོགས་པ།
ཟླ་5ཚེས་28ནས་ཟླ་6ཚེས་1ཉིན་བར། ཀྲུང་གོ་དང་ཧྥ་རན་སེའི་གཞོན་སྐྱེས་འགོ་ཁྲིད་པའི་གླེང་སྟེགས་སྐབས་བཅུ་པ་ཡུན་ནན་དང་པེ་ཅིང་དུ་འཚོགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“ཕྱོགས་སྒྱུར་གྱི་འགྲན་སློང་མཉམ་དུ་བསུས་ནས་ལག་གདང་སྦྲེལ་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་དགོས། ཀྲུང་ཧྥའི་དབར་གྱི་གླེང་མོལ་དང་ཡུན་ནན་གྱི་ལག་ལེན”ཞེས་པ་དེ་རེད། ཀྲུང་ཧྥའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། བཟོ་ཚོང་། ཚན་རྩལ། རིག་གནས་དང་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་གཞོན་སྐྱེས་འཐུས་མི་40ལྷག་ཙམ་གྱིས་བགྲོ་གླེང་བྱས་པ་དང་འབྲེལ། ཚང་འཛོམས་གྲོས་ཚོགས་དང་། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར། ས་གནས་ས་ཐོག་ཏུ་འཚམས་འདྲིར་སྐྱོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཀྲུང་ཧྥའི་གཞོན་སྐྱེས་འགོ་ཁྲིད་པའི་གླེང་སྟེགས་ནི་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་དང་ཧྥ་རན་སེའི་ཧྥ་ཀྲུང་ཐེབས་རྩ་ལྷན་ཚོགས་ཀྱིས་2013ལོར་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། ལོ་ལྟར་རྒྱལ་ཁབ་གཉིས་པོར་རེས་མོས་བྱས་ནས་འཚོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།