དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལོའི་ལྕགས་ལམ་ཤར་གཏོང་ཐུབ་ཚུན་ལོ་སི་དུམ་བུར་གཞི་ཁྱོན་ཆེ་བའི་ནུས་སྐྱེད་སྒྱུར་བཀོད་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-06

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ལོའི་ལྕགས་ལམ་ལོ་སི་དུམ་བུའི་མོ་ཏིང་འབབ་ཚུགས་དངོས་སུ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་འགོ་ཚུགས་ཤིང་། དེ་ནི་2021ལོའི་ཟླ་12པར་ཀྲུང་ལོའི་ལྕགས་ལམ་ཤར་གཏོང་ཐུབ་ཚུན་ལོ་སི་དུམ་བུར་གཞི་ཁྱོན་ཆེ་བའི་ནུས་སྐྱེད་སྒྱུར་བཀོད་བྱེད་ཐེངས་དང་པོ་རེད། དེ་ལས་འགག་སྒོའི་འབབ་ཚུགས་ཀྱི་མེ་འཁོར་བསུ་གཏོང་དང་རྒྱལ་སྒྲོལ་དངོས་ཟོག་གཅིག་སྡུད་དང་ཁ་ཐོར་ངང་དབོར་འདྲེན་བྱེད་པའི་ནུས་པ་ཆེ་རུ་ནུས་ལྡན་འགྲོ་ངེས་རེད།

    ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཀྲུང་མཐའ་མཚམས་སུ་ཡོད་པའི་མོ་ཏིང་འབབ་ཚུགས་དེ་རྒྱལ་སྒྲོལ་དུས་གཏན་མེ་འཁོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་སའི་འགག་རྩའི་ལྟེ་བའི་ཁུལ་ཞིག་རེད། རྒྱལ་སྒྲོལ་དཔལ་འབྱོར་ཚོང་དོན་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་བ་དང་ཆབས་ཅིག འགྲུལ་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་རུང་སྔར་ཡོད་ཀྱི་འབབ་ཚུགས་སྒྲིག་བཀོད་ཀྱི་སྐྱེལ་འདྲེན་ནུས་པ་ཆེན་པོ་མེད་པས་རྒྱ་སྐྱེད་སྒྱུར་བཀོད་བྱས་རྗེས་མོ་ཏིང་འབབ་ཚུགས་ཀྱི་དངོས་ཟོག་དབོར་འདྲེན་གྱི་འགག་སྒྲོལ་ནུས་པ་10%ཡན་ཆེ་རུ་འགྲོ་རྒྱུ་རེད།

    ད་ཐེངས་ཀྱི་སྒྱུར་བཀོད་ལས་གྲྭར་དུས་མཚམས་དང་གཙོ་གནད་ཕྱེ་ནས་སྐུལ་འདེད་གཏོང་བའི་ཨར་སྐྲུན་ཇུས་གཞི་ལག་ལེན་བསྟར་ཞིང་། ལོ་ཀྲུང་ལྕགས་ལམ་ཀུང་སིས་ལང་པོ་ལ་པང་ཉམས་བཟོ་བདག་སྐྱོང་ལྟེ་གནས་དང་། ཝན་ཐེན་གཉེར་སྐྱོང་ལྟེ་གནས། ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པ། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གློག་ཤུགས་ཅན་ཅུས་སོགས་ཚན་པ་མང་པོ་སྒྲིག་འཛུགས་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་དང་ལས་བགོས་མཉམ་སྒྲུབ་ཀྱིས་ལས་གྲྭ་ནུས་པ་ཆེ་ལ་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བར་ཕྱོགས་ཡོངས་ནས་འགན་ལེན་བྱས་པ་རེད།

    རྣམ་གྲངས་དེར་དུས་མཚམས་ཕྱེ་ནས་ཨར་ལས་བྱེད་པ་དང་གོ་རིམ་ཕྱེ་ནས་ཤར་གཏོང་ཐུབ་པའི་འཛུགས་སྐྲུན་གྱི་བསམ་ཕྱོགས་སྤྱད་དེ། ཨར་སྐྲུན་གྱི་འཕེལ་རིམ་དང་ལམ་ཐིག་ཤར་གཏོང་ཐུབ་པར་རམ་འདེགས་བྱ་རྒྱུ་རེད། སྒྱུར་བཀོད་ཟིན་རྗེས། མོ་ཏིང་འབབ་ཚུགས་ཀྱི་མེ་འཁོར་ཚོགས་པ་སྒྲིག་པ་དང་བསུ་གཏོང་གི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ཀྲུང་ལོའི་ལྕགས་ལམ་གྱི་རྒྱལ་སྒྲོལ་དབོར་འདྲེན་གྱི་མངོན་མེད་སྟོབས་ཤུགས་དེ་བས་ཆེ་རུ་འགྲོ་རྒྱུ་དང་། ཀྲུང་ལོའི་རྒྱལ་སྒྲོལ་གྱི་ཚོང་དོན་དང་རྒྱལ་སྤྱིའི་དུས་གཏན་མེ་འཁོར་རྒྱུན་དུ་གཏོང་བར་རམ་འདེགས་ཐུབ་རྒྱུ། ཀྲུང་ལོ་ཕན་ཚུན་སྦྲེལ་མཐུད་ཀྱི་ཟོག་འགྲེམས་བགྲོད་ལམ་བསྐྲུན་རྒྱུ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་མཐུན་རྐྱེན་རྒྱུན་མཐུད་བསྐྲུན་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།