དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-06

    ཚེས་3ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཕེབས་ནས་གསུང་བཤད་གནང་བ་རེད།

    ཞུས་ཀྲི་ཝུན་གྱིས་གསུངས་དོན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་དང་དེ་བཞིན་རྒྱ་ཆེའི་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་དོན་ཟབ་མོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་པོར་བརྗོད་པ་དང་། བོད་ཀྱི་འཕེལ་རྒྱས་དང་ཀྲུང་ཧྭའི་ཤེས་དཔལ་མཉམ་འདྲེས་ཀྱི་རིག་གནས་གཏན་ཚིགས་གསལ་པོར་བརྗོད་པ། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རིག་གནས་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ་དང་ཇི་ལྟར་འཛུགས་སྐྱོང་བྱེད་པའི”དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་འདིར་ལན་ཡག་པོ་རྒྱག་པ་བཅས་བྱས་ཏེ་རིག་གནས་སྟོབས་ཆེན་ལྗོངས་སྐྲུན་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

    ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། གཙོ་འགན་གཙོ་ལས་ལ་དམིགས་པ་དང་བོད་སྐྱོང་ལག་ལེན་ལ་ཞབས་འདེགས་ཞུ་བར་གཞི་ཚུགས་ནས་སྤྱི་ཚོགས་ཚན་རིག་གི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཁྲོད་བྱ་ཐབས་དངོས་བཏོན་ནས་ཕན་འབྲས་ཐོན་པར་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེ་བའི་སྤྱི་ཚོགས་ཚན་རིག་གི་དཔུང་ཁག་སྟོབས་ཆེན་ཞིག་གཏོད་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཏང་གིས་སྤྱི་ཚོགས་ཚན་རིག་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྐས་རིམ་ལུགས་མཐུན་དང་གྲུབ་ཆ་ལེགས་གཏོང་གི་ཤེས་ལྡན་པའི་དཔུང་ཁག་ཅིག་ཆགས་པར་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས། ཏང་ཨུད་ཀྱིས་འགོ་ཁྲིད་དང་། དྲིལ་བསྒྲགས་སྡེ་ཚན་གྱིས་སྤྱི་འདོམས། སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་དམ་འཛིན་གཙོ་བོ། ཕྱོགས་ཁག་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།