ལྷ་ས་གྲོང་ཁྱེར་གྱིས་འགོག་རྡུང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དུག་འགོག་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།
གསར་འགོད་པར་ཟླ་6ཚེས་1ཉིན་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི་2026ལོའི“དུག་འགོག་དྲིལ་བསྒྲགས་ཟླ་བའི”འགོ་ཚུགས་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་འགོག་རྡུང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དུག་འགོག་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། ད་ལོ་ཚུན། དུག་འཐེན་མཁན་གྱིས་ཆག་སྒོ་སློང་བའི་གྱོད་གཞི“གཅིག་ཀྱང་ཐོན་མེད་པ”དང་། དུག་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དང་སོ་མ་སྨན་རྫས“གཅིག་ཀྱང་གྱར་མེད་པ” དུག་བཟོའི་མ་བཅོས་རྩི་ཤིང་འདེབས་མཁན“གཅིག་ཀྱང་མེད་པ”བཅས་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་གཙོ་གཉེར་བྱས་པ་དང་། “ཁྱེད་དང་ང་གཉིས་འབྱུང་འགྱུར་སྲུང་སྐྱོང་ལས་ལ་ཞུགས། ལོ་ཆུང་གཞོན་ནུར་སྨན་རྫས་གང་བྱུང་སྤྱོད་མི་འཇུག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གཟི་བརྗིད་ལྡན་པའི་དམ་བཅའ་བཞག་པ་དང་འབྲེལ་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་རེད། དེ་རྗེས། ཚོགས་ཞུགས་མི་སྣས་དུག་འགོག་སློབ་གསོའི་རྟེན་གཞིར་མཉམ་དུ་ལྟ་སྐོར་བྱས་ཏེ་པར་རིས་འགྲེམས་པང་དང་། དུག་རྫས་ཀྱི་བཟོ་དབྱིབས། དབྱིངས་ཞུགས་རྣམ་པའི་ཉེན་བརྡའི་སློབ་གསོའི་བརྙན་ལམ་བཅས་བརྒྱུད་དཔེ་གསར་དུག་རྫས་ཀྱི་གནོད་འཚེ་ཚབས་ཆེན་གསལ་པོ་ཤེས་པར་བྱས་ནས་དུག་ངོ་ཤེས་པ་དང་། དུག་འགོག་པ། དུག་མི་འཐེན་པ་བཅས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་བ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་བསྟན་འཛིན་འཇིགས་དབང་གིས། ལྷ་ས་གྲོང་ཁྱེར་གྱིས་དུག་འབྲེལ་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རོལ་རྩེད་ཁང་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། རྟག་ཏུ་དུག་འགོག་སྐོར་ཞིབ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་སྤེལ་བ་དང་། གཞོན་ནུ་ལོ་ཆུང་དང་ཕྱོགས་མི་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་དུག་འགོག་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་དམངས་ཡོངས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པའི་རྣམ་པ་གཏོད་པ། དུག་འབྲེལ་མི་སྣར་ཞིབ་བཤེར་དང“དུས་བདེའི་གཅེས་སྐྱོང”ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དུག་འཐེན་འཁོར་གཏོང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་དུག་འགོག་དྲ་རྒྱ་ཕྱོགས་ཡོངས་ནས་བརྟན་དུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།