དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚན་རྩལ་གྱི་གཤོག་ཟུང་བརྐྱངས། ཕུགས་འདུན་གྱི་ནམ་འཕང་བཅད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-05

    འདི་ནི་བྱེད་སྒོའི་ཁྲོད་འཕྲུལ་མིས་གར་འཁྲབ་བཞིན་པ།

    འདི་ནི་འགྲན་ཞུགས་བདམས་ཐོན་པས་བློ་རྩེ་གཅིག་སྒྲིམ་གྱིས་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་སློབ་མ་ཚོས་ཚན་རིག་ཁྱབ་གདལ་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོར་ཧུར་ཐག་ཞུཌ་བཞིན་པ།

    ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་མེད་གནམ་གྲུའི་འགྲན་བསྡུར་ཆེན་པོ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་སྤེལ་ཞིང་། འགྲན་བསྡུར་ལ་ཁྱོན་བསྡོམས་འགྲན་བསྡུར་རྣམ་གྲངས་11བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རུ་ཁག་35དང་འགྲན་ཞུགས་བདམས་ཐོན་པ་412ཞུགས་ཡོད་པ་རེད།

    འགྲན་རའི་ཕྱི་རིལ་དུ། ཚན་རིག་ཁྱབ་གདལ་དགའ་ནེའུ་དུས་ཆེན་གྱི་འགྲེམས་ཁུལ་ཡང་དུས་གཅིག་དུ་སྒོ་ཕྱེ་བ་དང་། VRམྱོང་རོལ་དང་། གནམ་གྲུའི་དཔེ་དབྱིབས་བཟོ་བ། སྒྲིག་རིམ་འགག་སྒྲོལ་སོགས་ཀྱི་མཉམ་འགུལ་རྣམ་གྲངས་ཀྱིས་དགེ་སློབ་མང་པོའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།