དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་གྲྭར་མེ་ཟོན་བདེ་འཇགས་ཀྱི་སློབ་གསོ་སྤེལ་བའི་བྱེད་སྒོ་གཉེར་བ།

    ལྷ་སའི་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-05

    ཉེ་ཆར། ལྷ་སའི་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོ་ལྷ་ས་ཅང་སུའུ་སློབ་འབྲིང་དུ་བསྐྱོད་ནས། རྣམ་པ་སྣ་ཚོགས་དང་ནང་དོན་ཟབ་པའི་མེ་ཟོན་བདེ་འཇགས་སློབ་གསོའི་བྱེད་སྒོ་ཞིག་སྤེལ་ནས་སློབ་གྲྭའི་མེ་ཟོན་བདེ་འཇགས་ཆེད“མེ་འགོག་གྱང”བརྟན་པོ་ཞིག་བསྐྲུན་པ་རེད།

    བྱེད་སྒོའི་ས་ཡུལ་དངོས་སུ་མེ་ཟོན་བཀོད་འཐབ་པ་ཚོས་གོ་བདེ་ཞིང་རྟོགས་སླ་བའི་སྐད་ཆ་དང་སློབ་གྲྭའི་འཚོ་བ་དང་ཉེ་བར་འབྲེལ་བའི་དཔེ་མཚོན་གྱོད་གཞི་དྲངས་པའམ་སློབ་གྲྭའི་ནང་རྒྱུན་མཐོང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་མེ་སྐྱོན་གྱི་གནོད་འཚེ་དང་། རྒྱུན་མཐོང་གི་མེ་ཟོན་ཐད་ཀྱི་དོ་སྣང་བྱེད་ས། དེ་བཞིན་མེ་སྐྱོན་ཐོན་ས་ནས་ཉེན་གཡོལ་རང་སྐྱོབ་ཀྱི་འགག་རྩའི་བྱེད་ཐབས་བཅས་འགྲེལ་བཤད་ཞིབ་ཚགས་བརྒྱབ་སྟེ་རིགས་པའི་གཞུང་ལུགས་ཅན་གྱི་བདེ་འཇགས་ཤེས་བྱ་དག་གསལ་པོར་ཧ་གོ་བར་བྱས་ཡོད། ཕྱི་རོལ་གྱི་འགྲེམས་སྟོན་རིང་། མེ་ཟོན་བཀོད་འཐབ་པ་རྣམས་ཀྱིས་མེ་ཟོན་སྒྲིག་བཀོད་སྣ་ཚོགས་ཀྱི་བྱེད་ནུས་དང་སྤྱོད་སྒོ་རེ་རེ་བཞིན་གསལ་འགྲེལ་བརྒྱབ་པ་མ་ཟད། ས་ཡུལ་དངོས་སུ་བཤིག་སྤོ་དང་རོགས་སྐྱོབ་སོགས་ཀྱི་སྒྲིག་བཀོད་སྤྱོད་སྟངས་དང་འཚོལ་སྐྱོབ་ཁྱི་གཏོང་སྟངས་ཀྱང་གསལ་སྟོན་བྱས་ཤིང་། ཚད་ལྡན་དང་ཆེད་ལས་ཀྱི་མཛུབ་སྟོན་ཡག་པོ་བྱས་པས་སློབ་གྲོགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།