འགྲེམས་ཚོགས་ནས་མཚོ་ཐོག་སྐྱེལ་འདྲེན་ཐོན་ལས་ཀྱི་ལྗང་མདོག་རིག་ནུས་སྒྲིག་ཆས་གསར་པར་བལྟ་བ།

ཐེན་ཅིན་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ཐོན་ལས་འགྲེམས་ཚོགས་སྐབས་བཞི་པའི་ཐོག་མཚོ་ཐོག་སྐྱེལ་འདྲེན་ཐོན་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཁག་གཅིག་གཅིག་སྡུད་དུ་བསྟན་པ་དང་། རིག་ནུས་ཅན་དང་ལྗང་མདོག་ཅན་གྱི་མཚོ་ཐོག་སྐྱེལ་འདྲེན་སྒྲིག་ཆས་དག་འགྲེམས་ཚོགས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་ཞིང་། ལྟ་སྐོར་བ་མང་པོ་ཞིག་གིས་རང་རྒྱལ་གྱི་མཚོ་ཐོག་སྐྱེལ་འདྲེན་སྒྲིག་ཆས་ཁྱབ་ཁོངས་ལ་ཐོབ་པའི་གསར་གཏོད་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་པར་ཡོང་ཡོད། འདི་ནི་ཟླ་6ཚེས་3ཉིན། ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་འགྲེམས་སྟེགས་ཀྱི་གྲངས་འཛིན་གྲུ་ཁར་ཉམས་ལེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།