རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་1.19བརྔ་བསྡུ་བྱས་ཏེ་བརྔ་བསྡུའི་མྱུར་ཚད་35%ལས་བརྒལ་བ།

འདི་ནི་ཧོ་ནན་ཞིང་ཆེན་ཤིང་དབྱང་གྲོང་ཁྱེར་སི་ཧྲུའེ་གྲོང་རྡལ་ནན་ཐུན་གྲོང་ཚོར་ཞིང་འཕྲུལ་གྱིས་གཞི་ཁྱོན་ཆེན་པོས་གྲོ་བརྔ་བཞིན་པ།
ཚེས་2ཉིན་གྱི་ཆུ་ཚོད་17པའི་བར་རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་1.19བརྔ་བསྡུ་བྱས་ཏེ་བརྔ་བསྡུའི་མྱུར་ཚད་35.09%ཟིན་ཡོད། ཉིན་དེར་མུའུ་ཁྲི་2386བརྔ་བསྡུ་བྱས་པ་དང་བརྔ་བསྡུ་འཕྲུལ་འཁོར་ཁྲི་28.92སྤྱད་པ་རེད། ས་གནས་ཁག་ནས་བལྟས་ན། ཨན་ཧུའེ་ཡི་གྲོ་བརྔ་བསྡུའི་མྱུར་ཚད་བཅུ་ཆ་བདུན་ཙམ་དང་། ཧོ་ནན་བཅུ་ཆ་ལྔ་ཙམ། ཅང་སུའུ་བཅུ་ཆ་གཉིས་ལས་བརྒལ་བ། ཧྲའན་ཤིས་བཅུ་ཆ་གཅིག་ལས་བརྒལ་བ་བཅས་ཟིན་པ་མ་ཟད། ཧྲན་ཏུང་དང་ཧྲན་ཤིས་ཀྱིས་ས་ཆ་ཁ་ཤས་སུ་བརྔ་བསྡུ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།