“2026ལོའི་མཐོ་རྒྱུགས་སྲུང་སྐྱེལ་བྱ་སྤྱོད”སྤེལ་འགོ་ཚུགས་པ།
2026ལོའི་མཐོ་རྒྱུགས་འཆར་ཉེའི་སྐབས་སུ་སློབ་གསོ་པུས་དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ“2026ལོའི་མཐོ་རྒྱུགས་སྲུང་སྐྱེལ་བྱ་སྤྱོད”སྤེལ་ནས་ཡིག་རྒྱུགས་སྒྲིག་འཛུགས་དང་། དྲིལ་བསྒྲགས་ཁྲིད་སྟོན། རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ།“དུས་བདེའི་མཐོ་རྒྱུགས”ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་རེད།
2026ལོའི་མཐོ་རྒྱུགས་རིང་ས་གནས་ཁག་གིས་ལག་ཐོགས་ཁ་པར་ནས་རྐུ་བཤུ་བྱས་པར་རྡུང་རྡེག་གཏོང་བ་དང་། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁོར་ཡུག་གཙང་མ་བཟོ་བ། རྐུ་བཤུའི་ཡོ་བྱད་ཚོང་བར་རྡུང་རྡེག་གཏོང་བ། ཚབ་རྒྱུགས་བྱེད་པར་རྡུང་རྡེག་གཏོང་བ། རྒྱུགས་རའི་མཐའ་འཁོར་གྱི་ཁོར་ཡུག་གཙང་མ་བཟོ་བ། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་གསོ་སྦྱོང་སྒྲིག་གཞི་དང་བར་སྦྲེལ་ཚན་པ་གཙང་སེལ་བཅོས་སྒྲིག་བྱེད་པ་སོགས་ཆེད་དོན་བྱ་སྤྱོད་མང་པོ་གཅིག་སྡུད་ཐོག་སྤེལ་ཏེ། རྒྱུགས་རོགས་ཉེས་གསོག་དང་། སློབ་བསྡུའི་གཡོ་སྤྱོད། དྲ་རྒྱའི་དཀྲོག་གཏམ་སོགས་གནོད་པ་ཆེ་བའི་ཆ་འཕྲིན་རྫུན་མ་གཙང་བཤེར་དང་ཐག་གཅོད་བྱེད་པ་དང་། བདེ་འཇགས་དང་། ཕྱིར་སྐྱོད། ཟས་སྡོད། སྨན་བཅོས་འཕྲོད་བསྟེན། འཛེར་སྒྲ་གཏན་འགོག སེམས་ཁམས་ཟུར་ཁྲིད་སོགས་ཕྱོགས་མང་པོའི་ཐད་ཀྱི་ཕྱོགས་བསྡུས་ཞབས་ཞུ་འགན་སྲུང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་ལེན་གྱི་ཁོར་ཡུག་བཟང་པོ་གཏོད་པ་དང་སློབ་གསོའི་རྒྱུགས་ལེན་དྲང་གཞག་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།