“མཛེས་སྡུག་ལྡན་པའི་ཀྲུང་གོར་སྐྱོད། རྒྱལ་ཁབ་སྤྱི་གླིང་དུ་རྩད་ཞིབ་བྱེད”ཅེས་པའི་གཅིག་སྡུད་བཅར་འདྲི་འགོ་ཚུགས་པ།
ཟླ་6ཚེས་2ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སྐྱེ་ཁམས་ཁོར་ཡུག་པུའུ། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ་སོགས་སྡེ་ཚན་དང་མཉམ་དུ་སྤེལ་བའི“མཛེས་སྡུག་ལྡན་པའི་ཀྲུང་གོར་སྐྱོད། རྒྱལ་ཁབ་སྤྱི་གླིང་དུ་རྩད་ཞིབ་བྱེད”ཅེས་པའི་གཅིག་སྡུད་བཅར་འདྲི་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་དུ་འགོ་ཚུགས་ཤིང་། ཀྲུང་དབྱང་དང་ས་གནས་ཁག་གཅིག་གི་གསར་འགྱུར་སྨྱན་སྦྱོར་གཙོ་གྲས་དང་ལས་རིགས་སྨྱན་སྦྱོར་ཁག་གཅིག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་140ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ད་ཐེངས་ཀྱི་གཅིག་སྡུད་བཅར་འདྲིའི་བྱེད་སྒོས་སྨྱན་སྦྱོར་སྒྲིག་འཛུགས་ཀྱིས་ཁག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང(དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་། ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་། ཧའེ་ནན་ཚ་ཁུལ་ཆར་ནགས་རྒྱལ་ཁབ་སྤྱི་གླིང)5རུ་བཅར་འདྲི་དང་བརྟག་ཞིབ་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་དང་། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱས་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་ཐོབ་པའི་འཕེལ་རིམ་དང་ཕན་འབྲས་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་མ་ཟད། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་སྤྱི་འདོམས་བྱས་པའི་དཔེ་མཚོན་དང་ཉམས་མྱོང་བཅས་བཅར་འདྲི་རྩོམ་འབྲི་བྱ་རྒྱུ་རེད།
འགོ་ཚུགས་མཛད་སྒོ་འཚོགས་རྗེས་སྨྱན་སྦྱོར་ཁག་གིས་ཁག་ཐེངས་བགོས་ནས་ས་གནས་ཁག་ཏུ་བརྟག་ཞིབ་དང་བཅར་འདྲི་བྱེད་པར་བསྐྱོད་དེ། གལ་ཆེའི་པར་ངོས་དང་། དུས་མཚམས་དང་ཁོངས་གཏོགས་དྲ་ཚིགས། སྨྱན་སྦྱོར་གསར་པའི་ལས་སྟེགས་བཅས་སུ་རིམ་སྤེལ་ཆ་འཕྲིན་སྤེལ་ནས་སྤྱི་ཚོགས་ཡོངས་ལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱིས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་མཁས། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་རམ་འདེགས་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།