ཀྲུང་དབྱང་ནོར་སྲིད་ཀྱིས་ད་ལོའི་བུ་གསོའི་ཁ་གསབ་དངུལ་གཤམ་སྤྲོད་བྱས་པ།
སྔོན་དཔག་བྱས་ན་ལོ་ཧྲིལ་པོར་རིམ་ཁག་ནོར་སྲིད་ཀྱིས་ཁྱོན་ཁ་གསབ་དངུལ་སྒོར་དུང་ཕྱུར་1100ཙམ་བཀོད་སྒྲིག་བྱས་པ།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་དུས་ནོར་སྲིད་པུས་2026ལོའི་བུ་གསོའི་ཁ་གསབ་དངུལ་སྒོར་དུང་ཕྱུར་999གཤམ་སྤྲོད་བྱས་པ་དེ་ལོ་གོང་མ་ལས་10.6%འཕར་ནས་ས་གནས་ཁག་གིས་ཆ་རྐྱེན་དང་འཚམ་པའི་ཕྲུ་གུ་དམར་འབྱར་ལ་བུ་གསོའི་ཁ་གསབ་དངུལ་སྤྲོད་པར་རྒྱབ་སྐྱོར་བྱས་ཤིང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་རིམ་ཁག་ནོར་སྲིད་ཀྱིས་ཁ་གསབ་དངུལ་ཁྱོན་སྒོར་དུང་ཕྱུར་1100ཙམ་བཀོད་སྒྲིག་བྱ་རྒྱུ་རེད།
མིག་སྔར། 2026ལོའི་བུ་གསོའི་ཁ་གསབ་སྤྲོད་པའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། འབྲེལ་ཡོད་དོ་དམ་གཏན་འབེབས་གཞིར་བཟུང་། རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་བུ་གསོའི་ཁ་གསབ་ཞིབ་དཔྱད་དང་སྤྲོད་རྒྱུའི་འགན་འཁུར་ནས་རྩ་དོན་ཐོག་དུས་ཚིགས་རེར་ཉུང་མཐར་ཡང་གཅིག་སྡུད་ཐོག་ཁག་ཐེངས་རེ་སྤྲོད་རྒྱུ་དང་། དུས་ཚིགས་གོང་མར་ཞིབ་དཔྱད་བྱས་ནས་གྲོས་འཆམ་བྱུང་བའི་རེ་ཞུ་དེ་དུས་ཚིགས་འདིའི་དུས་མཇུག་གོང་ལ་སྤྲོད་རྒྱུ་རེད། ནོར་སྲིད་པུའི་འབྲེལ་ཡོད་མི་སྣས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་མུ་མཐུད་བུ་གསོའི་ཁ་གསབ་ལམ་ལུགས་ལག་བསྟར་ལས་དོན་ཡག་པོ་བསྒྲུབས་ནས། མ་དངུལ་དོ་དམ་ནན་དུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་ནུས་པ་འདོན་པ་བཅས་བྱས་ཏེ་བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་སྐྲུན་རོགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།