དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཐཱན་བརྒལ་ཨང་དང་པོའི”དཔེ་སྟོན་ལས་གྲྭ་ཕྱོགས་ཡོངས་ནས་བསྐྲུན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-05

    ཟླ་5ཚེས་30ཉིན་གྱི་ཆུ་ཚོད་21དང་སྐར་མ་45ཡི་ཐོག ཀུའེ་ཀྲོའུ་ལིའུ་ཕན་ཧྲུའེ་རྒྱལ་སའི་ལྕགས་དང་ངར་ལྕགས་ཧྲུའེ་ཁྲེང་ལྕགས་དང་ངར་ལྕགས་ཚོགས་པའི་བཟོ་གྲྭའི་ཁུལ་དུ་དྲ་སྦྲེལ་བཀའ་རྒྱ་བདེ་བླག་ངང་བཏང་བ་དང་བསྟུན་ནས་ཀྲའོ་ཝ་2×15ཡི་འགྱུར་མཚམས་ཚད་བརྒལ་གྱི་དབྱང་གཉིས་ཐཱན་འགྱུར་ཚ་ནུས་ལྷག་མའི་གློག་གཏོང་རྣམ་གྲངས“ཐཱན་བརྒལ་ཨང་དང་པོའི”དཔེ་སྟོན་ལས་གྲྭའི་འཕྲུལ་ཚན་གཉིས་པ་གློག་དྲ་སྦྲེལ་ནས་གློག་བཏང་བ་རེད། དེ་ཐོག་ནས་གོ་ལ་ཧྲིལ་པོའི་འགྱུར་མཚམས་ཚད་བརྒལ་གྱི་དབྱང་གཉིས་ཐཱན་འགྱུར་ཚ་ནུས་ལྷག་མའི་གློག་གཏོང་ལག་རྩལ་གྱི་དཔེ་སྟོན་ལས་གྲྭ་ཐོག་མ་དེ་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་མཚོན་ཡོད། འཕྲུལ་ཚན་གཉིས་ཚང་མ་སྤྱོད་འགོ་ཚུགས་རྗེས“ཐཱན་བརྒལ་ཨང་དང་པོའི”དཔེ་སྟོན་ལས་གྲྭས་ཀྲའོ་ཝ་30ཡི་གློག་བརྟན་པོ་འདོན་ཐུབ་སྟེ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་། ལག་རྩལ་ཆེས་སྔོན་ཐོན། འཁོར་སྐྱོད་གནད་སྨིན་བཅས་ཀྱི་འགྱུར་མཚམས་ཚད་བརྒལ་གྱི་དབྱང་གཉིས་ཐཱན་འགྱུར་གློག་གཏོང་གི་ཚད་ཤིང་རྣམ་གྲངས་ཤིག་ཏུ་འགྱུར་རྒྱུ་རེད། འདི་ནི“ཐཱན་བརྒལ་ཨང་དང་པོའི”དཔེ་སྟོན་ལས་གྲྭའི་ཕྱིའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།