ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་བྱང་སྲིང་ལས་གྲྭའི་2025-2026ལོ་འཁོར་གྱི་ཆུ་འདྲེན་ལས་འགན་ལེགས་གྲུབ་ཟིན་པ།
གསར་འགོད་པར་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་བྱང་རྒྱུད་དུ་སྲིང་བའི་འཕྲལ་སྡོམ་ཆུ་འདོན་ལས་གྲྭའི་2025-2026ལོ་འཁོར་གྱི་ཆུ་འདྲེན་ལས་ཀ་མཇུག་འགྲིལ་བ་རེད། རིམ་རྩིས་བརྒྱབ་ན་ཟླ་5ཚེས་31ཉིན་བར་ལས་གྲྭས་ཧོ་པེ་དང་ཐེན་ཅིན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.59མཁོ་འདོན་བྱས་པ་དང་། ཅིང་ཧང་མིས་བཟོས་གཙང་པོར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.77ཁ་གསབ་བྱས་པར་ལོ་འཁོར་གྱི་ཆུ་འདྲེན་འཆར་གཞི་འབོར་ཚད་ལས་བརྒལ་བའི་སྒོ་ནས་ལེགས་གྲུབ་ཟིན་ཏེ། ཆུ་འདྲེན་ཡུལ་ཁུལ་གྱི་ཞིང་འདྲེན་ཆུ་འགན་ལེན་ནུས་ལྡན་ཐུབ་པ་དང་། ལོ་5བསྟུད་མར་ཅིང་ཧང་མིས་བཟོས་གཙང་པོ་ཡོངས་ཀྱི་ཆུ་རྒྱུན་ཤར་གཏོང་ཐུབ་པར་རམ་འདེགས་བྱས་ཐོག ཧྭ་པེ་ས་ཁུལ་གྱི་ས་འོག་ཆུ་འཐེན་དྲགས་པར་ཕྱོགས་བསྡུས་བཅོས་སྐྱོང་དང་ལམ་རྒྱུད་ཀྱི་གཙང་པོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།
ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་བྱང་སྲིང་ལས་གྲྭས“ཐག་ཉེ་བ་ནས་རྒྱང་རིང་དང་རིམ་བཞིན་ཆུ་འདྲེན”གྱི་རྩ་དོན་གཞིར་བཟུང“དོན་དག་གཅིག་ལ་གྲོས་བསྡུར་གཅིག”བྱེད་སྟངས་སྤྱད་དེ་ན་ནིང་ཟླ་10པར་ཐོག་མར་ཆུ་འདྲེན་འགོ་ཚུགས་ཤིང་། ཆུ་འབོར་ལྟ་ཞིབ་ཚད་ལེན་དང་། ཆུ་སྤུས་འགན་ལེན། སྐོར་ཞིབ་བདག་སྐྱོང་སོགས་ཐད་འབྲེལ་ཡོད་ཚན་པའི་དབར་མཉམ་ཤུགས་ཆགས་ཏེ། “རང་འགུལ་ལྟ་ཞིབ་ཚད་ལེན་དང་མིས་བཟོས་སྐོར་ཞིབ་ཟུང་འབྲེལ”གྱི་རྣམ་པ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། གཙོ་གནད་བཅད་ངོས་ཀྱི་ཆུ་འབོར་དང་ཆུ་སྤུས་ཚད་ལྡན་ལྟ་ཞིབ་ཚད་ལེན་དང་སྒྲིག་བཀོད་འཁོར་རྒྱུག་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་གྲྭ་འཁོར་རྒྱུག་བརྟན་པོ་དང་ཆུ་སྤུས་ལོན་ཚད་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།