དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《2025ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ།

    2025ལོའི་རྒྱལ་ཡོངས་ཀྱི་སྔོ་ཁེབས་སྐྱེ་ཁམས་ཀྱི་སྤུས་ཚད་2000ལོ་ཚུན་གྱི་ལེགས་ཤོས་ཨང་གཉིས་པར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-05

    ཉིན་ཤས་གོང་། ཀྲུང་གོ་གནམ་གཤིས་ཅུས་ཀྱིས《2025ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། 《སྤྱི་བསྒྲགས》ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་སྔོ་ཁེབས་སྐྱེ་ཁམས་ཀྱི་སྤུས་ཚད་སྟོན་གྲངས་69.1ཟིན་པ་དང་། སྐྱེ་ཁམས་སྤུས་ཚད་རིམ་པ་ཅུང་ལེགས་པ་དང་ཧ་ཅང་ལེགས་པའི་རྒྱ་ཁྱོན་གྱིས་བཟུང་བའི་བསྡུར་ཚད་66%ཟིན་ཏེ། སྔོ་ཁེབས་སྐྱེ་ཁམས་ཀྱི་སྤུས་ཚད་2000ལོ་ཚུན་གྱི་ལེགས་ཤོས་ཨང་གཉིས་པར་སླེབས་ཡོད།

    སྔོ་ཁེབས་སྐྱེ་ཁམས་ཀྱི་སྤུས་ཚད་སྟོན་གྲངས་ནི་སྐྱེ་ཁམས་ཀྱི་སྤུས་ཚད་ཡག་ཉེས་མཚོན་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པ་དང་། སྔོ་ཁེབས་ཀྱི་དམའ་རིམ་ཐོན་སྐྱེད་ནུས་ཤུགས་དང་སྔོ་ཁེབས་ཁྱབ་ཚད་ཀྱི་དཔྱད་གྲངས་ལ་གཞིགས་ནས་བརྩིས་པའི་ཕྱོགས་བསྡུས་སྟོན་གྲངས་ཤིག་ཡིན། དེའི་གྲངས་ཐང་ནི་0ནས་100བར་ཡིན་པ་ལས་གྲངས་ཐང་ཇི་ཙམ་མཐོ་ན་དེ་ཙམ་གྱིས་སྔོ་ཁེབས་སྐྱེ་ཁམས་ཀྱི་སྤུས་ཚད་ལེགས་པ་དང་ས་ངོས་སྔོ་ལྗང་དེ་བས་ལེགས་པ་མཚོན་གྱི་ཡོད།

    2000ལོ་ནས་2025ལོའི་བར། རྒྱལ་ཡོངས་ཀྱི་ས་ཁོངས་99%ལ་དྲོད་ཚད་མཐོ་རུ་སོང་བ་དང་། ས་ཁོངས་62%སུ་ཆར་ཆུ་འབབ་ཚད་ཅུང་མང་དུ་ཕྱིན་པ་མ་ཟད། ཆར་ཆུ་འབབ་ཚད་མང་དུ་འགྲོ་བའི་ས་ཁོངས་གཙོ་བོ་དབུས་ཤར་རྒྱུད་དུ་ཡིན་པ་རེད། ཆུ་དང་དྲོད་ཚད་ཀྱི་མཐུན་རྐྱེན་བཟང་དུ་ཕྱིན་པའི་ཐོག་རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་བ་དེས་ནགས་ཁུལ་དང་། རྩྭ་ཐང་། ཞིང་ཁུལ། ཐང་རྒོད་བཅས་ཀྱི་ས་ངོས་སྐྱེ་ཁམས་བརྟན་པོའི་ངང་ལེགས་སུ་འགྲོ་བར་སྐུལ་མ་ཐེབས་ཡོད། རྒྱལ་ཡོངས་ཀྱི་སྔོ་ཁེབས་ཀྱི་དམའ་རིམ་ཐོན་སྐྱེད་ནུས་ཤུགས་དང་སྔོ་ལྗང་ཁེབས་ཚད་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་ལོ་རེར་ཆ་སྙོམས་སྨི་ངོས་གྲུ་རེར་ཐཱན་ཁེ་3.2དང་བརྒྱ་ཆའི་གྲངས་0.28སོ་སོར་འཕར་ཏེ་ཆུ་རྩ་གསོ་འཁྱོངས་དང་། ས་རྒྱུ་སྲུང་བ། རླུང་འགོག་བྱེ་འཇགས་སོགས་ཀྱི་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཚད་མི་འདྲ་བའི་སྒོ་ནས་ཆེ་རུ་ཕྱིན་ཡོད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།