དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་དབྱིན་དབར་གྱི་འཐབ་ཇུས་གླེང་མོལ་ཐེངས་བཅུ་གཅིག་པ་པེ་ཅིང་དུ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-06-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁུའུ་པོ་དང་ཀྲུང་དབྱིན་དབར་གྱི་འཐབ་ཇུས་གླེང་མོལ་ཐེངས་བཅུ་གཅིག་པ་བྱས་པ་རེད།

    ཝང་དབྱི་ཡིས་གསུངས་དོན། ད་ལོའི་ལོ་འགོར་དབུ་བཞུགས་བློན་ཆེན་སི་ཐཱ་མོ་ཡིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་འཚམས་འདྲི་གནང་བ་དང་། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་དབར་ཡུན་རིང་བརྟན་ལྷིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངེས་གནས་གསར་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་མཐུན་པ་མཚོན་པ་མ་ཟད། ཡུན་རིང་རེ་སྒུག་བྱེད་ཆོག་པའི་གཉིས་ཁེའི་འདུན་པའང་མཚོན་ཡོད། མིག་སྔར། ཕྱོཌ་གཉིས་པོའི་ཁྱབ་ཁོངས་ཁག་གི་འགྲོ་འོང་དང་མཉམ་ལས་ཕྱོགས་ཡོངས་ནས་སླར་གསོ་བྱུང་སྟེ་རིམ་བཞིན་རྒྱུན་གཏན་གྱི་ལམ་བུར་བསྐྱོད་པར་དེ་བས་གཅེས་སྤྲས་བྱེད་རིན་ཡོད། ང་ཚོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། དངོས་སྒྲུབ་དང་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

    ཝང་དབྱི་ཡིས་ནན་བཤད་གནང་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་སྣེ་ཁྲིད་དེ་ཡང་དག་ལམ་བུར་སྐྱོད་པ་དང་དྲང་གཞག་ངང་ལས་དོན་བསྒྲུབས་ནས། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནན་སྲུང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བཅས་བྱས་ཏེ། དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་དགོས།

    ཁུའུ་པོ་ཡིས་བརྗོད་དོན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་ལམ་སྲོལ་རང་བཞིན་གྱི་གླེང་མོལ་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ནུས་རྒྱུ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ཚུན། ཐའེ་དབན་གྱི་གནད་དོན་ཐད་ལག་ལེན་བསྟར་བའི་སྲིད་ཇུས་ལ་འགྱུར་བ་མེད་ལ་དེ་བས་ཀྱང་འགྱུར་ལྡོག་འགྲོ་མི་སྲིད། ཀྲུང་གོ་ཕྱོགས་དང་མཉམ་དུ་ལྷག་བསམ་ཟོལ་མེད་ཀྱི་གླེང་མོལ་དང་དགེ་མཚན་ལྡན་པའི་སྒོ་ནས་མི་མཐུན་པ་ཐག་གཅོད་འོས་འཚམ་བྱས་ཏེ། དབྱིན་ཀྲུང་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།