དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན”

    —— “ཕྱི་འབྲེལ་ཕོ་ཉ་ཕུལ་བྱུང་གི་གཟེངས་རྟགས”ཐོག་མ་ཐོབ་མཁན་དང་ཀྲུང་ གོར་བཅའ་སྡོད་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེ་མོ་བ་ཧ་ལེ་པིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-05

    “འདི་ནི་ང་རང་མི་སྒེར་ལ་གཟེངས་རྟགས་སྤྲད་པ་ཞིག་ཁོ་ན་མིན་པར། སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་ཁས་ལེན་བྱས་པ་ཞིག་ཀྱང་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་འབྲེལ་བར་མཐོང་ཆེན་པོ་གནང་བ་ལས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་པར་སྐུལ་མ་ཐེབས་ཡོད”ཅེས་ཉེ་ཆར“ཕྱི་འབྲེལ་ཕོ་ཉ་ཕུལ་བྱུང་གི་གཟེངས་རྟགས”ཐོག་མ་ཐོབ་མཁན་ཀྲུང་གོར་བཅའ་སྡོད་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེ་མོ་བ་ཨ་པུའུ་ཏུའུ་ལ་ཧོ་མན·ཧ་ལེ་པི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད་ཅིང་། ཁོང་གིས“གཟི་བརྗིད་མཚན་སྙན་ཐོབ་པས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སླད་ཕྱིན་སོ་ཏི་ཨ་རབ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན”ཞེས་བརྗོད།

    “ཀྲུང་གོའི་ལོ་རྒྱུས་ཡུན་རིང་བ་དང་། ཤེས་དཔལ་གྱི་རྨང་གཞི་བརྟན་པ། མགྲོན་པོར་སེམས་རྩ་འཁོལ་བའི་མི་དམངས་བཅས་ཀྱིས་ང་ལ་བག་ཆགས་ཧ་ཅང་ཟབ་མོ་བཞག་བྱུང”ཞེས་ཧ་ལེ་པི་ཡིས་བརྗོད་ཅིང་། ཁོང་དེ་སྔ་ཀྲུང་གོར་ཐེངས་མང་ཡོང་མྱོང་བ་མ་ཟད། ལྷག་པར་དུ་2022ལོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བའི་འགན་ཁུར་ཚུན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་ཐེངས་མང་བསྐྱོད་མྱོང་བས། ཁོང་གིས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ངོའི་ཟླ་ལྟ་ལ་འགྲན་པའི་འཕོ་འགྱུར་ལ་མྱོང་བ་མངོན་སུམ་བྱུང་བ་མ་ཟད། རྨང་གཞིའི་སྒྲིག་བཀོད་དང་གྲངས་གཞིའི་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་ལ་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་ལའང་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།

    ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་སྟབས། ཀྲུང་གོས་གསར་གཏོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། དེ་བཞིན་ཚན་རྩལ་དང་ཤེས་ལྡན་པར་བཏང་བའི་མ་དངུལ་གྱིས“རང་ངོས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཐུབ་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པར”ཧ་ལེ་པི་ལ་ཡིད་ཆེས་བརྟན་པོ་ཡོད།

    ཧ་ལེ་པི་ཡི་ངོས་འཛིན་ལྟར་ན། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་བའི་རྒྱབ་ལྗོངས་འོག སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྤྱིར་བཏང་མིན་པའི་འཕེལ་རྒྱས་བྱུང་ནས་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་རེད།

    ཀྲུང་གོ་དང་སོ་ཏི་ཨ་རབ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་སྟེ་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་རིག་གནས་སྤེལ་རེས་སོགས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཐོབ་པའི་ཐད་ཀའི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་ཚོང་དོན་འགྲོ་འོང་དང་དཔལ་འབྱོར་གྱི་མ་འཇོག་བྱེད་ཤུགས་ཤུགས་ཆེན་འཕར་ཡོད”ཅེས་ཧ་ལེ་པི་ཡིས་བརྗོད་པ་དང་། ཁོང་གིས། སོ་ཏི་ཨ་རབ་ནི་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན་པས། ལོ་མང་རིང་། ཀྲུང་གོས་སོ་ཏི་ཨ་རབ་འདི་ཉིད་གོ་ལ་ཧྲིལ་པོའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཀྱི་གནས་བབ་མཐའ་འཁྱོངས་བྱེད་བཞིན་ཡོད་ཅེས་བརྗོད།

    སོ་ཏི་ཨ་རབ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་རྒྱབ་སྐྱོར་དང་དེའི་ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཧ་ལེ་པི་ཡིས། སོ་ཏི་ཨ་རབ་དང་ཀྲུང་གོས་སོ་ཏི་ཨ་རབ་ཀྱི“2030ལོའི་བསམ་འདུན”དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་གཉིས་སྦྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བས། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་། བཟོ་ལས། རྨང་གཞིའི་སྒྲིག་བཀོད། ཚན་རྩལ་དང་ཞབས་ཞུ་སོགས་ཁྱབ་ཁོངས་ཐད་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ལ་གོ་སྐབས་མང་པོ་ཐོབ་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུའི་རྣམ་གྲངས་གལ་ཆེན་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱུང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་བདེ་རྩ་བསྐྲུན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།