དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཆོས་ལུགས་ལས་དོན་མི་སྣའི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཞིབ་སྲོལ་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཉམ་འབྲེལ་དྲ་རྒྱའི་དུས་རབས་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་ཚད་ལྡན་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་ཁྱབ་ཁོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་མི་སྣའི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)བཟོས་ནས་བཀྲམ་སྟེ། ཁྲིམས་སྐྱོང་ཅན་དང་། ལམ་ལུགས་ཅན། ཞིབ་ཚགས་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ཆོས་ལུགས་ལས་རིགས་མི་སྣའི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་བྱས་ཡོད་པ་རེད།

    《ཞིབ་སྲོལ》དེ་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལ་ནན་པོར་གཞིགས་ནས་བཟོས་པ་ཞིག་ཡིན་ཞིང་། 《ཞིབ་སྲོལ》གྱི་མགོ་ནས་མཇུག་བར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ་བཅས་ཀྱི་གཙོ་རྐང་ཁྱབ་པར་བྱས་ཡོད་པས། ཞིང་ཆེན་དེ་ཡོངས་ཀྱི་ཁྲིམས་ལྟར་ཐོ་བཀོད་པའི་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་ཀྱི་སློབ་གླིང་དང་སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་དང་། དེ་བཞིན་ངེས་གཟུང་ཐོ་བཀོད་བྱས་པའི་ཆོས་ལུགས་ལས་རིགས་མི་སྣ་ཡོངས་ལ་སྤྱད་ན་འཐུས་པར་བརྟེན། བྱེད་པོ་ཡོངས་ལ་ཁྱབ་པ་དང་། བྱ་སྤྱོད་ཚང་མ་ཚད་ལྡན་དུ་གཏོང་བ། དོ་དམ་ཡོངས་ལ་བྱེད་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད།

    《ཞིབ་སྲོལ》དེར་ཁྱོན་ལེའུ་དྲུག་དང་དོན་ཚན་ཉེར་ལྔ་ཡོད་པ་དང་། སྤྱིའི་རྩ་དོན་གྱི་ཁྲིད་སྟོན་དང་། གཞི་རྩའི་ཚད་གཞི། བྱེད་སྒོའི་ཚད་གཞི། བཀག་སྡོམ་གྱི་གསལ་ཐོ། དོ་དམ་གྱི་འགན་འཁྲི། ཞར་བྱུང་གི་འགན་ལེན་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་ཞིག་བཟོས་ཡོད་ཅིང་། རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་སྲུང་སྒྲིག་བཀུར། གཏམ་སྤྱོད་ཚད་ལྡན། བདེ་འཇགས་ཤེས་དཔལ་བཅས་ཀྱི་གཞི་རྩའི་ཚད་གཞི་ཁ་གསལ་བཟོས་པ་དང་། ཆོས་ལུགས་ལས་དོན་མི་སྣའི་ངོས་ནས་དྲ་རྒྱའི་ཨང་རྟགས་ཐོ་འགོད་སྐབས་རང་མིང་ངོ་མས་ཐོ་བཀོད་ཞིབ་དཔྱད་བྱེད་པ་དང་རང་འགུལ་ངང་སྲིད་གཞུང་གི་ལྟ་འདོམས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ། དྲ་རྒྱའི་ཆོས་ལུགས་བྱེད་སྒོའི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཆོས་འཆད་ཁྲིད་དང་སློབ་གསོ་གསོ་སྦྱོང་ཁྲིམས་ལྟར་ཆོག་མཆན་ཐོབ་པའི་ཞིང་ཆེན་དེ་རང་གི་ཆོས་ལུགས་ལས་སྟེགས་སུ་མ་གཏོགས་སྤེལ་མི་ཆོག་པའི་ཚད་བཀག་བཟོས་པ། སྤྱི་པའི་དྲ་རྒྱའི་ལས་སྟེགས་སུ་ཆོས་འཆད་སྤེལ་དང་། དྲ་རྒྱར་ཆོས་ལུགས་ཀྱི་བྱེད་སྒོ་སྒྲིག་འཛུགས། ན་སོ་དར་ལ་མ་བབས་པའི་མིར་ཆོས་འཆད་པ། ཆོས་ལུགས་ལ་བརྟེན་ནས་རྒྱུ་ནོར་ལེན་པ། ཐལ་སྐྱོད་ཀྱི་བསམ་བློ་ཁྱབ་སྤེལ། མངའ་ཁོངས་ཕྱི་རོལ་གྱི་ཕྱོགས་གཏོགས་དང་ངན་འབྲེལ་བྱེད་པ། ལག་རྩལ་གསར་པ་སྤྱད་དེ་སྒྲིག་འགལ་གྱི་ཆ་འཕྲིན་བཟོ་བ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱས་པ། བྱ་སྤྱོད་ཀྱི་མཐའ་ཚད་ཁ་གསལ་བཟོས་ཡོད།

    《ཞིབ་སྲོལ》ནང་ཆོས་ལུགས་ཚོགས་པ་དང་། སློབ་གླིང་དང་སློབ་གྲྭ བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དྲ་རྒྱའི་བྱ་སྤྱོད་ཚད་གཞི་དེ་སློབ་གསོ་གསོ་སྦྱོང་དང་། རྒྱུན་གཏན་གྱི་དོ་དམ། དཔྱད་ཞིབ་གདེང་འཇོག་བཅས་ནང་བཅུག་པ་དང་། རིམ་དབྱེ་རིགས་དབྱེའི་ཐག་གཅོད་བྱེད་སྟངས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་འགལ་གྱི་བྱེད་སྤྱོད་ལ་སྒྲིག་ཁྲིམས་བཞིན་དུས་བཀག་ལྟར་དག་ཐེར་དང་། མཉམ་དུ་ཐག་གཅོད། ཐོབ་ཐང་གནས་སྐབས་མཚམས་འཇོག་དང་མེད་པ་བཟོས་ནས་མཐར་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་ཏེ། སློབ་གསོར་བརྟེན་ནས་ཁྲིད་སྟོན་དང་། རྒྱུན་གཏན་ནས་ལྟ་འདོམས། སྒྲིག་འགལ་བྱས་རིགས་རྩད་གཅོད་མཐའ་འདེད་གཏོང་བ་བཅས་ཀྱི་གདུབ་ཟུམ་དོ་དམ་ལམ་སྲོལ་ཞིག་ཆགས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།