རང་རྒྱལ་གྱི་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ།
རང་རྒྱལ་གྱི་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་བྱིས་པའི་བདེ་ཐང་དམིགས་ཚད་མང་པོ་ཞིག་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་བྱིས་པའི་བདེ་ཐང་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། རིམ་པ་ཁ་གསལ་བ། མཐུན་སྦྱོར་མཉམ་འགུལ་བཅས་ཀྱི་བྱིས་པའི་བདེ་ཐང་ཞབས་ཞུའི་དྲ་རྒྱ་མགྱོགས་མྱུར་བསྐྲུན་པས་2025ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་རིམ་པ་གཉིས་པ་དང་གསུམ་པའི་གཞུང་བཙུགས་སྨན་ཁང་4845དང་། རིམ་པ་གཉིས་པ་དང་གསུམ་པའི་མ་བུ་བདེ་སྲུང་སྨན་ཁང་1763 དེ་བཞིན་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྲི་4བཅས་ཚང་མས་བྱིས་ནད་ཚན་ཁག་གི་ཞབས་ཞུ་སྒྲུབ་ཐུབ་པས་བྱིས་པའི་སྨན་བཅོས་ཀྱི་ཁྱབ་ནུས་སྔར་བས་ཆེ་རུ་ཕྱིན་ཡོད། 2025ལོར་རང་རྒྱལ་གྱི་ཕྲུ་གུ་དམར་འབྱར་འཆི་ཚད་3.8‰བར་ཆག་པ་དང་ལོ་5མན་གྱི་བྱིས་པ་འཆི་ཚད་5.4‰བར་ཆག་ཅིང་། སྟོན་རྟགས་དེ་གཉིས་ཀ་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།