དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་བྱང་རྒྱུད་ཀྱི་ཧར་དབྱི་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་སྙོམས་སྒྲིག་དང་ཚོད་ལྟ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-04

    ཟླ་6ཚེས་1ཉིན་གྱི་ཆུ་ཚོད་7དང་སྐར་མ་25ཡི་ཐོག་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་འབབ་ཚུགས་སུ་CRH5རྟགས་ཅན་གྱི་ཚོད་ལྟའི་ཤུགས་འགྲེམས་མེ་འཁོར་ཞིག་དབྱི་ཁྲུན་ནུབ་ཚུགས་སུ་བསྐྱོད་པ་དེ་ནི་ཆེས་བྱང་རྒྱུད་ཀྱི་ཧར་དབྱི་མྱུར་བགྲོད་ལྕགས་ལམ་འདི་ཉིད་ཟླ་5ཚེས་30ཉིན་མཉམ་འབྲེལ་སྙོམས་སྒྲིག་དང་ཚོད་ལྟ་བྱེད་འགོ་བཙུགས་ཚུན་གྱི་ཤུགས་འགྲེམས་མེ་འཁོར་གྱི་ཚོད་ལྟའི་མེ་འཁོར་གཏོང་ཐེངས་དང་པོ་དེ་རེད།

    ཧར་དབྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཧར་པིན་ནས་དབྱི་ཁྲུན་བར་གྱི་ཡུལ་སྐོར་དུས་ཚོད་ཆུ་ཚོད་7ནས་ཆུ་ཚོད་2ནང་ཚུན་དུ་ཐུང་དུ་ཕྱིན་ཏེ་ས་གནས་གཉིས་དབར“ཆུ་ཚོད་གཅིག་དང་ཆུ་ཚོད་གཉིས་ཀྱི་དཔལ་འབྱོར་ཁུལ”གྱི་འགྲིམ་འགྲུལ་རྣམ་པ་གསར་པ་ཞིག་ཆགས་པ་དེས། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ལམ་རྒྱུད་ཀྱི་གངས་འཁྱགས་ཡུལ་སྐོར་དང་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་ལམ་དྲའི་བཀོད་པ་འཐུས་སྒོ་ཚང་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།