འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་གློག་རྒྱུན་བསྒྱུར་ཚིགས་ནས་དངོས་ཟོག་བླུགས་པའི་གྲུ་གཟིངས་ཐོན་གྲབས་ཡོད་པ།

འདི་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་གློག་རྒྱུན་བསྒྱུར་ཚིགས་ནས་དངོས་ཟོག་བླུགས་པའི་གྲུ་གཟིངས་ཐོན་གྲབས་ཡོད་པ།
ཧྲང་ཧའེ་ཀྲེན་ཧྭ་ལྕི་བའི་བཟོ་ལས་ཚོགས་པས་སྐྲུན་འགན་འཁུར་བའི་འབྲི་ཆུའི་འགག་གསུམ་དབྱང་ཅང་ཆིང་ཀྲོའུ་ལྔ་པ་དང་ཆིང་ཀྲོའུ་བདུན་པའི་མཚོ་ཐོག་རླུང་གློག་ལས་གྲྭའི་མཚོ་ཐོག་གློག་རྒྱུན་བསྒྱུར་ཚིགས་ནི་འཛམ་གླིང་དུ་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་གློག་རྒྱུན་བསྒྱུར་ཚིགས་ཤིག་ཡིན།
རྣམ་གྲངས་བསྐྲུན་ཚར་རྗེས། སྔོན་ཐོན་གྱི་མཉེན་གཤིས་ཐད་རྒྱུག་ལག་རྩལ་ལ་བརྟེན་ནས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་པོའི་ཁུལ་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ནས་རང་རྒྱལ་གྱི་མཚོ་ཐོག་རླུང་གློག་གཞི་ཁྱོན་ཅན་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།