དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་བདེ་ཐང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-04

    ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་བདེ་ཐང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའམ་འབྲེལ་ཡོད་བདེ་ཐང་ཤེས་བྱའི་གསར་འགྱུར་ཡོངས་བསྒྲཌ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་བྱིས་པའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད་དེ། 2025ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ལོ་5མན་གྱི་བྱིས་པ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་6.18‰དང་4.52‰སོ་སོར་ཟིན་པ་དེ“ལོ་ལྔ་ཚན་བཅུ་བཞི་པའི”དུས་འགོའི་2021ལོའི་8.25‰དང་5.93‰དང་བསྡུར་ན་25%དང་24%སོ་སོར་ཆག་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཞིང་ཆེན་ཡོངས་སུ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རྨང་གཞིར་བྱས་ནས་མ་བུ་འཕྲོད་སྦྱོར་སྒྲིག་གཞི་དང་། བྱིས་པའི་ཆེད་ཚན་སྨན་ཁང་། ཕྱོགས་བསྡུས་སྨན་ཁང་བཅས་ལྟེ་བར་བྱས་པའི་བྱིས་པའི་བདེ་ཐང་ཞབས་ཞུའི་དྲ་རྒྱ་བཙུགས་ཏེ་བྱིས་པའི་སྨན་བཅོས་འཕྲོད་སྦྱོར་ཞབས་ཞུའི་ཁྱབ་ཚད་མཐོ་རུ་བཏང་ཡོད། མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྐོར་སྨན་སྐྱོར་དང་དེ་བཞིན་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལ་བརྟེན་ནས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་ལེགས་ཐོན་ཁུངས་རྫོང་རིམ་པའི་སྨན་ཁང་དུ་གཤམ་སྤྲོད་བྱས་ཏེ། རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིའི་བྱིས་ནད་ཚན་ཁག་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ལྷག་པར་དུ་2025ལོ་ནས2027ལོའི་བར“བྱིས་ནད་ཚན་ཁག་དང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུའི་ལོ”ལ་གཏན་འཁེལ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་གཅིག་སྒྲིག་འཛུགས་ལག་བསྟར་བྱས་ནས་མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམ་གཉིས་ཡན་གྱི་གཞུང་བཙུགས་སྨན་ཁང་ཚང་མས་བྱིས་ནད་ཚན་ཁག་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།