མཚོ་སྔོན་གྱི་འབུམ་རམས་པ་བརྒྱ་ཡི་འཆད་ཁྲིད་ཐེངས་བརྒྱའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “ཁུ་ནུའི་རིག་གནས་སྤེལ་རེས། འབུམ་རམས་པའི་མཚོ་སྔོན་རོགས་སྐྱོར——འབུམ་རམས་པ་བརྒྱ་ཡི་འཆད་ཁྲིད་ཐེངས་བརྒྱའི”བྱེད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་འགོ་ཚུགས་པ་རེད། མཚོ་སྔོན་དུ་ཡོང་བའི་འབུམ་རམས་ཞབས་ཞུ་ཚོགས་པ་ཁག་26པའི་ཁོངས་མི་ཁག་གཅིག་གིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སྐོར་གྱི་གླེང་གཞིར་དམིཌ་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་སློབ་དང་སྤེལ་རེས་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་ཞབས་ཞུ་ཚོགས་པའི་འབུམ་རམས་པས་ཆེད་ལས་ཀྱི་ཤེས་བྱ་བརྒྱུད་སྤེལ་རེས་དང་སློབ་ཁྲིད་བྱེད་པ་དང་། མཐོང་རྒྱ་ཡངས་པོར་བརྟེན་ནས་བློ་སྒོ་ཕྱེ་སྟེ་ས་མཐོའི་སློབ་མར་ཚན་རྩལ་གསར་ཤོས་ལ་རྒྱུས་མངའ་ལོན་པ་དང་། ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ལ་རྒྱང་ལྟ་བྱེད་པ། འབྱུང་འགྱུར་གྱི་ཕུགས་བསམ་གཏོད་པ་བཅས་ཀྱི་ལས་སྟེགས་བཟང་པོ་བསྐྲུན་པས། མཚོ་སྔོན་གྱི་རྨང་གཞིའི་སློབ་གསོའི་ཞན་ཆ་སེལ་བ་དང་། སློབ་གྲྭའི་མི་སྣ་གསོ་སྐྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དུས་རབས་ཀྱི་མི་གསར་སྐྱོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།