《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུས་དོ་ཁུར་བྱེད་ཕྱོགས་སྐོར་གྱི་སྙན་ཞུ》ལས་མངོན་དོན།
“ཧྲང་ཧའེ་ཡི་སྙིང་སྟོབས”ལ་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུའི་ཁས་ལེན་རྒྱ་ཁྱབ་ཐོབ་པ།
ཟླ་5ཚེས་27ཉིན། ཁེར་གྷི་སི་ཐན་གྱི་གྲོང་ཁྱེར་པི་སི་ཁེག་ཏུ་གཉེར་བའི་2026ལོའི་ཀྲུང་ཁེར་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཐོག “རྒྱུད་གཅིག་ལམ་གཅིག”གི་གསར་འགྱུར་མཉམ་ལས་མནའ་འབྲེལ་དྲུང་ཡིག་ཁྲུའུ་དང་འཛམ་གླིང་སྐབས་དོན་ཚགས་པར་ཁང་གིས་མཉམ་འབྲེལ་ཐོག《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུས་དོ་ཁུར་བྱེད་ཕྱོགས་སྐོར་གྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་2025ལོའི“འཛམ་གླིང་དམངས་འདོད་བརྟག་དཔྱད”དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞིའི་ཁོངས་མིའི་རྒྱལ་ཁབ་10ལ་ཕྱོགས་ནས་བརྟག་དཔྱད་དང“འཛམ་གླིང་གླེང་ཕྱོགས”ཀྱི་གྲངས་གཞིར་གཞིགས་ཏེ། ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ངོས་འཛིན་དང་དེ་བཞིན་དོ་ཁུར་བྱེད་ཕྱོགས་དོ་གནད་དུ་བཟུང་ཡོད། སྙན་ཞུའི་ནང་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུ་ཚོས་འཕེལ་རྒྱས་ཀྱི་མཉམ་ལས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་ཁས་ལེན་བྱས་པ་དང་ལས་ཞུགས་ལས་གཏོད་དང་། སློབ་གསོ་མཐོར་གཏོང་། རིག་གནས་སྤེལ་རེས། རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་གྲོས་འགོར་དོ་ཁུར་ཆེན་པོ་བྱས་པ་མངོན་ཡོད།
བརྟག་དཔྱད་བྱས་འབྲས་ནས་བལྟས་ཚེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན་གཞོན་ནུ་ཚོས་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”ལ་ཁས་ལེན་རྒྱ་ཁྱབ་བྱས་ཡོད། བཅར་འདྲི་དང་ལེན་བྱེད་མཁན་གཞོན་ནུ་བཅུ་ཆ་བརྒྱད་ལྷག་ཙམ་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་འཕེལ་རྒྱས་མཉམ་ལས་ལས་རང་རྒྱལ་ཁབ་ལ་ཁེ་ཕན་ཏན་ཏིག་ཐོབ་པ་དེ་གཙོ་བོ“རང་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”(72%)དང“རྒྱལ་སྤྱིའི་མཉམ་ལས་དང་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་པ”(62%)སོགས་ཀྱི་ཐད་ནས་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད། བཅར་འདྲི་དང་ལེན་བྱེད་མཁན་གཞོན་ནུ་བཅུ་ཆ་བརྒྱད་ལྷག་ཙམ་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་ཁས་ལེན་བྱེད་ཀྱི་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་དང་ལག་ལེན་བསྟར་ནས། ཁོངས་མིའི་རྒྱལ་ཁབ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ་ཁོངས་མིའི་རྒྱལ་ཁབ་ཐུན་མོང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། གྲངས་གཞི་ལས་མངོན་པར། ཀྲུང་གོ་ཕུད་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་གི་བཅར་འདྲི་དང་ལེན་བྱེད་མཁན་གཞོན་ནུའི་ཁྲོད་བཅར་འདྲི་དང་ལེན་བྱེད་མཁན་གཞོན་ནུ་བཅུ་ཆ་དགུ་ལྷག་ཙམ་གྱིས་ཀྲུང་གོ་དང་མཉམ་ལས་བྱས་ཚེ་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་པའི་ངོས་འཛིན་བྱས་པ་དང་ཆབས་ཅིག བཅུ་ཆ་དགུ་ལྷག་ཙམ་གྱིས་ཁྱབ་ཁོངས་མང་པོའི་ཁྲོད་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་པའི་ངོས་འཛིན་བྱས་པ་དེ་ཐོག་ནས་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུ་ཚོས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཐུབ་པའི་རེ་སྒུག་ཆེན་པོ་བྱེད་པ་མངོན་ཡོད།
མི་ཆོས་རིག་གནས་སྤེལ་རེས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུས་དོ་ཁུར་ཆེ་ཤོས་བྱེད་པའི་མཉམ་ལས་ཁྱབ་ཁོངས་ཀྱི་གྲས་ཤིག་རེད། བཅར་འདྲི་དང་ལེན་བྱེད་མཁན་གཞོན་ནུ་བཅུ་ཆ་དགུ་ལྷག་ཙམ་གྱིས་འབྱུང་འགྱུར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་དང་བྱེད་སྒོར་རེ་སྒུག་ཆེན་པོ་བྱེད་ལུགས་བརྗོད་པ་རེད། སྙན་ཞུའི་ནང་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུས་རྒྱལ་ཁབ་དབར་གྱི་གཞི་ཆེའི་མཉམ་ལས་ལ་དོ་ཁུར་བྱེད་པ་མ་ཟད། སློབ་གསོ་དང་། རྩལ་ནུས། རིག་གནས་སྒྲོལ་བའི་སྤེལ་རེས་བཅས་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དངོས་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།