གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་རྒྱུག་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་རྒྱ་ཆེའི་ལོ་ཆུང་བྱིས་པ་དང་ལོ་ཆུང་བྱིས་པའི་ལས་དོན་པས་འབད་འཐབ་བྱས་ནས་ཕུགས་འདུན་དོན་གཉེར་བྱེད་པར་སྐུལ་ལྕག་བྱས་པ།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་མཚེའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་མ་ཟད། ཁོང་ཚོ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་སྐུལ་མ་ཐེབས་ཤིང་། རྒྱ་ཆེའི་ལོ་ཆུང་བྱིས་པ་དང་ལོ་ཆུང་བྱིས་པའི་ལས་དོན་པས་ཕུགས་བསམ་བརྟན་དུ་གཏོང་བ་དང་འབད་འཐབ་ཆེན་པོས་ཕུགས་འདུན་དོན་གཉེར་བྱས་ཏེ། རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་རྒྱུག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་བྱེད་པར་སྐུལ་ལྕག་གནང་བ་རེད།
“ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན་ཞིང་། དམིགས་བསལ་དང་གལ་འགངས་ཆེ་བའི་དུས་ཚོད་འདིར་སྤོ་བོ་ཞི་ལགས་ཀྱི་འཕྲིན་ལན་གྱིས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་མཁན་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པ་དང་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ལུའུ་དབན་ལྟེ་བའི་སློབ་ཆུང་དང་པོའི་སློབ་མ་ཝང་ཡ་ཆིང་གིས། “ངས་སྤོ་བོ་ཞི་ལགས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་གཏམ་རྒྱུད་མུ་མཐུད་ཡག་པོ་བཤད་དེ་གསར་བརྗེའི་རྒྱུག་མཐུད་དབྱུག་པ་བརྒྱུད་སྤྲོད་ཡག་པོ་བྱེད་ཀྱི་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།
2006ལོར་བཙུགས་པའི་ལུའུ་དབན་ལྟེ་བའི་སློབ་ཆུང་དང་པོའི“གསར་བརྗེའི་རྒྱང་བསྒྲགས”གི་འཆད་འགྲེལ་པ་ཆུང་ཆུང་གི་ཚོགས་པ་ནི་རྒྱལ་ཡོངས་ཀྱི་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་ལ་ཆེད་མངགས་ཞབས་འདེགས་ཞུ་མཁན་སློབ་ཆུང་སློབ་མའི་ལོ་ཆུང་གདོང་ལེན་རུ་ཁག་གི་དང་བླངས་འཆད་འགྲེལ་ཚོགས་པ་ཐོག་མ་དེ་རེད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནི་ང་ཚོ་གཞི་རིམ་སློབ་གསོའི་ལས་དོན་པས་གསར་བརྗེའི་མི་སྣ་གསོ་སྐྱོང་མཐའ་གཅིག་ཏུ་བྱེད་པར་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན་ཞིང་། དེའི་ནང་གསར་བརྗེའི་ས་བོན་རྒྱུན་འཛིན་དང་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པའི་མངགས་བཅོལ་ཟབ་མོ་འདུས་ཡོད”ལུའུ་དབན་ལྟེ་བའི་སློབ་ཆུང་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་སྤྱི་ཝུའུ་རུང་ཅིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་20ཡི་རིང་། ཆ་སྙོམས་ལོ་10ལ་སླེབས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པ་ཚོས་རྒྱ་ཆེའི་ལྟད་མོ་བར་འཆད་འགྲེལ་ཐེངས་ཆིག་སྟོང་ལྷག་ཙམ་བྱས་པར་ཞུན་བརྡར་དང་འཚར་ལོངས་བྱུང་བ་མ་ཟད། སེམས་དབུས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་སྐབས། ནན་ཧུའུ་མཚེའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པ་དང་ཀྲེ་ཅང་ཅ་ཤིང་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སློབ་ཁུལ་ཤར་མའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཝང་ཡིའུ་མིང་གིས“སྤོ་བོ་ཞི་ལགས་ཀྱི་འཕྲིན་ལན་ནང་ང་ཚོར་ཐུགས་ཁུར་དང་རེ་སྒུག་ཆེན་པོ་གནང་ཡོད་པས། ངས་གསར་བརྗེའི་བརྩམས་ཆོས་རྩེ་གྲ་དེ་བས་རྒྱ་ཁྱབ་ངང་ལྟ་ཀློག་བྱས་ནས་རང་ཉིད་ཀྱི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། གྲོགས་པོ་ཆུང་ཆུང་དེ་བས་མང་བས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པར་སྐུལ་ཁྲིད་བྱེད་ཀྱི་ཡིན” ཞེས་སྤོབས་སེམས་ཆེན་པོས་བརྗོད།
གུང་གཞོན་སྡེ་ཚོགས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་སུའུ་ཧུང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་དགོས་པའི”ནན་བཤད་གནང་བའི་དོན་སྙིང་གལ་ཆེན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ང་ཚོས‘གསར་བརྗེའི་རྩ་བ’སྲུང་མཁན་གྱི་གསོ་སྐྱོང་མ་ལག་ལ་དམིགས་ནས‘གྲུ་དམར་འཆད་འགྲེལ་པ་ཆུང་ཆུང’སོགས་ལས་ཀའི་སྤུས་རྟགས་ཧུར་ཐག་བཏོད་དེ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས‘ཉན་མཁན’ནས‘འཆད་མཁན’བར་གྱི་འགྱུར་ལྡོག་ཁྲོད་ཕུགས་བསམ་དང་དད་སེམས་ཀྱི་མེ་སོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་བརྗོད།
“ངས་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ཏང་གི་གཏམ་རྒྱུད་དང་། གདོང་ལེན་དཔེ་བཟང་གི་གཏམ་རྒྱུད། དུས་རབས་ཀྱི་གྲུབ་འབྲས་བཅས་ཡག་པོ་བཤད་དེ། གསར་བརྗེའི་གཏམ་རྒྱུད་དང་དམངས་ཕན་བྱས་རྗེས་དག་རུ་ཁག་གི་སློབ་ཚན་དང་བརྗོད་དོན་གཙོ་བོའི་བྱེད་སྒོའི་ནང་བཅུག་ནས། གྲོང་གསེབ་ཀྱི་ལོ་ཆུང་བྱིས་པར་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་མིག་དཔེ་འདོན་པར་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཧྭ་ཡོན་རྫོང་ཧྲོང་ལུང་གྲོང་རྡལ་ཧྲི་པཱ་ཏུང་སློབ་ཆུང་རུ་འབྲིང་གི་ཟུར་ཁྲིད་པ་ཕུའུ་ལི་ཐའོ་ཡིས་བརྗོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྲུ་གུ་ཚོར་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་དགོས་པའི་ལྕག་སྐུལ་གནང་བ་དེ་ནི་ང་ཚོས‘ཆར་སིམ’གྱི་སྐེ་དར་དམར་པོའི་དང་བླངས་ཞབས་ཞུ་རུ་ཁག་འཛུགས་པའི་ཐོག་མའི་བསམ་འདུན་ཡིན”ཞེས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཡུས་ཧྭ་ཐའེ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གི་སྤྱི་ཚོགས་སློབ་གསོ་ཁྲུའི་སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་གསོ་ཁོའོ་ཡི་ཁོའོ་ཀྲང་དང་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ཟུར་ཁྲིད་པ་ཀྲོའུ་ཧྥེ་ཧྥེ་ཡིས“ལོ་ཆུང་གི་འོད་སྣང་རྗེས་སྙེག་ཟློས་གར་ཁང”སོགས་ཁྱད་ལྡན་སློབ་ཚན་སློབ་གྲྭར་ཁྲིད་དེ་ལོ་ཆུང་གདོང་ལེན་རུ་མིས་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བརྗོད་སྐབས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ལོ་ཆུང་གི་འཆད་འགྲེལ་ལ་བརྟེན་ནས་ལོ་ཆུང་ལ་སེམས་འགུལ་ཐེབས་པར་བྱེད་ཀྱི་ཡིན”ཞེས་བརྗོད།
ན་ནིང“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ། ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དམར་དམག་ཅུན་ཉེར་དྲུག་པའི་དམར་དམག་སློབ་ཆུང་གི་སློབ་མ་ལིའུ་ཡུས་ཤིན་རྒྱལ་ཡོངས་ལོ་ཆུང་བྱིས་པའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཡིན་པའི་ངོས་ནས་ས་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ཉན་པ་རེད། ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ལོ་ཆུང་བྱིས་པ་རྣམས“རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་རྒྱུག་དགོས་པའི”སྐུལ་ལྕག་ཟབ་མོ་གནང་བ་དེས་ཁོ་མོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོང་གིས“ངས་སྤོ་བོ་ཞི་ལགས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཤེས་བྱ་དང་འཇོན་ཐང་འཕེལ་བར་བྱས་ཏེ་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་ལོ་ཆུང་གི་སྟོབས་ཤུགས་ལ་བརྟེན་ནས་མུ་མཐུད་འབད་འཐབ་བྱེད་ཀྱི་ཡིན”ཞེས་བརྗོད།
ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་ནས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ཁ་འབྲལ་ཐབས་མེད།
ཀྲུང་གོ་ཚན་རྩལ་ཁང་གིས“ཚན་རིག་མཁས་ཅན་དང་། ཚན་རྩལ་ཟུར་ཁྲིད་པ། སྐེ་དར་དམར་པོའི་འཆད་འགྲེལ་པ”བཅས་ཟུང་དུ་འབྲེལ་བའི“རྒན་པས་གཞོན་པ་ཁྲིད་པའི”བརྒྱུད་རོགས་ཁྲིད་གསུམ་གྱི་ལམ་སྲོལ་གསར་གཏོད་ཀྱིས་བཙུགས་ཏེ། ངག་སློབ་དཔེ་སྟོན་ངང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དེ་ལོ་ཆུང་བྱིས་པའི་སེམས་ནང་ཟུག་པར་བྱས་ཡོད། “ཚན་རྩལ་ཁང་གི་འགྲེམས་ཁང་ནང་གི་སྐེ་དར་དམར་པོའི་འཆད་འགྲེལ་པ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་སྟོབས་ཤུགས་གསར་པར་གྱུར་ནས་ལོ་ཆུང་བྱིས་པས་ཚན་རིག་མཁས་ཅན་མིག་དཔེར་བཟུང་སྟེ་ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་ཚན་རྩལ་ཁང་གི་ཀོན་ཀྲང་ཀུའོ་ཀྲེ་ཡིས་བརྗོད།
ཤང་ཧྲན་གསར་བརྗེའི་དྲན་གསོ་ཁང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་ཀོན་ཀྲང་དབྱང་ཅ་དབྱི་ཡིས། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་ནུས་པ་གང་ལེགས་བཏོན་ཏེ་སྐེ་དར་དམར་པོའི་འཆད་འགྲེལ་པའི་ཚོགས་པ་གསོ་སྦྱོང་ཡག་པོ་བྱས་ནས་ཕྲུ་གུ་ཚོས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ཏེ། སློབ་སྦྱོང་དང་སྤེལ་རེས་ཀྱི་ལས་སྟེགས་དེ་བས་ཆེ་བ་བསྐྲུན་ནས་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།