དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིང་ཞ་ཡི་གློག་ཧྥུའུ་ཅན་དུ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-04

    འདི་ནི་ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་དུ་གནས་པའི་ཀྲུང་ཧེང་ཐད་རྒྱུག་གློག་ཤུགས་ཕྱིར་གཏོང་གི་གློག་ལམ་ཡིན་པ།

    ཟླ་6ཚེས་1ཉིན་ནས་བཟུང་། ཉིང་ཞ་ཡིས་ཧྥུའུ་ཅན་དུ་གློག་དངོས་སུ་གཏོང་འགོ་ཚུགས་པ་དེ་ཐོག་ནས་ཉིང་ཞ་ཡི་གློག་ཧྥུའུ་ཅན་དུ་གཏོང་བའི་གློག་ལམ་དངོས་སུ་གཏོད་འགོ་ཚུགས་པ་མཚོན་གྱི་ཡོད།

    ཉིང་ཞ་ཡི་གློག་ཧྥུའུ་ཅན་དུ་གཏོང་བར་སྐུལ་འདེད་བཏང་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་ཆེད། ཧྥུའུ་ཅན་གྱིས་གློག་སྤྱོད་མཁན་སྒྲིག་འཛུགས་བྱས་ནས་ཉིང་ཞ་ཡི་ནུས་རྒྱུ་གསར་པའི་གློག་གཏོང་ཁེ་ལས་དང་གྲོས་མོལ་བྱས་ཏེ། ད་ལོའི་ཟླ་6པ་ནས་12པའི་བར་གློག་ཤུགས་ཕྱིར་གཏོང་ཉོ་ཚོང་བྱ་རྒྱུ་དང་། མིག་སྔར་ཚོང་འགྲིག་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་1.2ཟིན་ནས་ལོ་30རིང་གི་ཧྥུའུ་ཅན་དང་ཉིང་ཞ་ཡི“རི་མཚོའི་བརྩེ་བར”གློག་ཤུགས་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཉིང་ཞ་ཡིས་ད་ཐེངས་ཧྥུའུ་ཅན་ལ་བཏང་བའི་གློག་ཤུགས་ཚང་མ་འོད་ཤུགས་གློག་འདོན་དང་རླུང་གློག་ལས་གྲུབ་པའི་ལྗང་མདོག་གློག་ཤུགས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།