བོད་ལྗོངས་སློབ་ཆེན་གྱིས་ཚན་ཞིབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཚན་ཞིབ་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5.5ཟིན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཁྱད་ལྡན་གསར་གཏོད་མང་པོ་ཐོན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་འཛུགས་སྐྱོང་གི་གོམ་སྟབས་བརྟན་པོ་དང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད། ལོ་ལྔའི་རིང་། སློབ་གྲྭས་རིམ་རྩིས་བརྒྱབ་ན་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས་ཁག་800འགན་ཁུར་བའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཁག་126ལ་ཆོག་མཆན་ཐོབ་པ་དང་དེའི་ནང་གཙོ་གནད་རྣམ་གྲངས་གལ་ཆེན་18ཚུད་ཡོད་པ་དང་། ཚན་ཞིབ་ཀྱི་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5.5ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། བོད་ལྗོངས་སློབ་ཆེན་གྱིས་རིག་ཚན་ཕན་ཚུན་མཉམ་འདྲེས་རྒྱུན་མཐུད་ཟབ་ཏུ་བཏང་ནས་ཚན་ཞིབ་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ་རེད། སློབ་གྲྭས་རིམ་བཞིའི་སྐས་རིམ་ཅན་གྱི་ལས་སྟེགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་མཐོའི་ཚན་རིག་ལག་རྩལ་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན། མཐའ་མཚམས་ཀྱི་བརྟན་ལྷིང་འཕེལ་རྒྱས་བཅས་ཀྱི་གསར་གཏོད་ལས་སྟེགས་ཀྱི་ཚོ་འདུས་ཆེན་པོ་གསུམ་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཏེ། ཁྱད་ཆོས་མངོན་གསལ་དོད་ལ་ལེགས་ཆ་འབུར་དུ་ཐོན་པའི་ཚན་ཞིབ་གསར་གཏོད་ཀྱི་མཐོ་ས་གཏོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།