དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཧྥུའུ་ཁང་སྨན་ཁང་ཀ་པ་རིམ་པ་གསུམ་པའི་ཕྱོཌ་བསྡུས་སྨན་ཁང་ལ་དཔྱད་འདེམས་བྱས་པ།

    ལྗོངས་ཡོངས་ཀྱི་ཀ་པ་རིམ་པ་གསུམ་པའི་དམངས་གཉེར་སྨན་ཁང་དང་པོར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-04

    ཉེ་ཆར། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་ལ་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། དེ་ཐོག་ནས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་འདི་ཉིད་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གི་གྲས་སུ་དངོས་སུ་ཚུད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་དེ་རིགས་ཐོབ་མཁན་གྱི་དམངས་གཉེར་སྨན་ཁང་དང་པོར་གྱུར་པ་མཚོན་ཡོད།

    “ཧྥུའུ་ཁང་སྨན་ཁང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་བདེ་བླག་ངང་འགྱུར་ཐུབ་པ་དེ་ཧྥུའུ་ཁང་སྨན་ཁང་གིས་ལོ་ངོ་ཉི་ཤུའི་རིང་འབད་འབུངས་བརྩོན་ལེན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད། རང་ལྗོངས་ཀྱི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་རྟགས་རང་བཞིན་གྱི་ཚད་བརྒལ་ཞིག་ཀྱང་ཡིན་པས། ལྗོངས་ཡོངས་ཀྱི་དམངས་གཉེར་སྨན་བཅོས་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྲུན་དང་། ཚད་ལྡན་ཅན་གྱི་དོ་དམ། སྤུས་ཚད་མཐོ་བའི་ཞབས་ཞུ་བཅས་ལ་ཚད་གཞི་བཏོད་ཡོད་ལ། མིག་དཔེ་དང་ཉམས་མྱོང་ཡང་བཏོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་མུའུ་ཡུང་ཝུན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།