དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སྲིད་གཙང་སློབ་གསོའི“འཐབ་ས་གསར་པར”གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-04

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ནང་གི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་28སྤྱད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་རིམ་སྤེལ་བརྡ་ཁྱབ་བཏང་ནས་སྲོལ་བཟང་སྤྱོད་བཟང་དར་སྤེལ་གཏོང་བ་དང་སྤྱོད་གཙང་གི་འདུ་ཤེས་བརྒྱུད་སྤེལ་བྱེད་པའི“སྐོར་སྐྱོད་སློབ་ཁང”དང“མདུན་ཕྱོགས་ཀྱི་སྐར་ཁུང”ཞིག་བཏོད་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་ནང“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ་སྤྱོད་གཙང་བདེ་སྐྱིད་ལྡན་པའི་ཉིང་ཁྲི་འཛུགས་སྐྲུན་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཇུས་འགོད་ཐད་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟ་སྐོར་རང་བཞིན་བཅས་གཅིག་གྱུར་ཡོང་བར་སྣང་ཆེན་བྱས་ཡོད། དྲིལ་བསྒྲགས་ཀྱི་པར་རིས་ནི་ཁ་གསལ་བའི་སྦྱར་ཡིག་དང་ནང་དོན་ཟབ་པའི་རི་མོ་གཙོ་བོར་བྱས་ཏེ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ནང་དོན་དང་དེ་བཞིན་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྤྱོད་ཚུལ་གྱི་གནད་དོན་ལ་དམ་པོར་དམིགས་པ་དང་། དེའི་དམིགས་ཡུལ་ནི་སྐད་གྲགས་མེད་པར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་རགས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག གྲོང་མི་མང་ཚོགས་ཀྱིས་རླངས་འཁོར་སྒུག་རིང་གྲོང་ཁྱེར་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཐད་ཀར་ཤེས་རྟོགས་དང་། ལྟ་སྐུལ། རྒྱབ་སྐྱོར་བཅས་བྱེད་པ་སྟབས་བདེ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།