དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • “སེ་འབྲུའི་རྡོག་ལྟར་བུད་མེད་བརྩེ་བ་ཟབ་པའི”ཁྱིམ་ཚང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-04

    ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2026ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང“སེ་འབྲུའི་རྡོག་ལྟར་བུད་མེད་བརྩེ་བ་ཟབ་པའི”བོད་ཀྱི་ཁྱིམ་ཚང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་འགྲེམས་སྟོན་བྱེད་སྒོ་ལྷ་སར་སྤེལ་བ་རེད། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་དང་། སྡེ་ཁུལ་གྱི་མང་ཚོགས། སློབ་མའི་འཐུས་མི་སོགས་ཁྱོན་མི་300ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས་ཕ་མ་བུ་ཕྲུག་གིས་མཉམ་དུ་དཔེ་ཀློག་དང་མཉམ་དུ་འཁྲབ་སྟོན་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་སྐད་ཡིག་སྦྱོང་བ་དེ་ཁྱིམ་ཚང་གི་མཉམ་འགུལ་དང་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་ཁྱིམ་ཚང་10ཡིས་གར་སྟེགས་ཐོག་རིམ་པ་བཞིན་གྱེར་འདོན་དང་གཏམ་བཤད་སྤེལ་བ་སོགས་བྱས་ནས་གསུང་རབ་གྱེར་འདོན་དང་སེམས་གཏམ་མཚོན་པར་བྱས་ཡོད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞིའི་འོས་མི་བསྟན་སྒྲོན་གྱིས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་དེ་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་དང་ཁྱིམ་ཚང་གི་སློབ་གསོའི་མཛུབ་ཁྲིད་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཁྱིམ་ཚང་འཆམ་མཐུན་མཉམ་གནས་དང་ཐུན་མོང་ཡར་རྒྱས་ཡོང་བར་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།