དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཁྲག་ཁུ་བརྗེ་བའི་གཤགས་བཅོས་གྲུབ་འབྲས་ཐོབ་པའི་ངང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-04

    ཉེ་ཆར། ཨན་ཧུའེ་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཁག་བཅུ་གཅིག་པའི་མཛུབ་ཁྲིད་ཞིབ་ཚགས་འོག ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཚབས་ལྕིའི་ནད་གཞིའི་གསོ་རིག་ཚན་ཁག་གི་སྨན་ཞབས་ཚོགས་པས་གཞོགས་འདེགས་ཧུར་ཐག་བྱས་པས། ལྷོ་ཁ་གྲོང་ཁྱེར་གྱི་ཁྲག་ཁུ་བརྗེ་བའི་གཤགས་བཅོས་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་བྱས་ནས་གྲོང་ཁྱེར་དེའི་ཚབས་ལྕིའི་ནད་གཞི་སྐྱོབ་བཅོས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་ཏེ་དོས་དྲག་དང་ཚབས་ལྕིའི་ནད་གཞི་སྐྱོབ་བཅོས་ཀྱི་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས། བོད་སྐྱོར་ཐོན་ཁུངས་ལ་མུ་མཐུད་བརྟེན་ནས་ལྟེ་བའི་སྨན་བཅོས་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ་ཚབས་ལྕིའི་ནད་གཞི་ཕོག་པའི་ནད་པའི་ཚེ་སྲོག་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཧུར་ཐག་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།