ཟངས་རིའི་ཁུལ་ལྡན་ར་རྒྱལ་ཡོངས་ཀྱི་གྲགས་ཁྱད་ཕུལ་གསར་ཞིང་ལས་ཐོན་རྫས་ཀྱི་མིང་གཞུང་ནང་ཚུད་པ།
ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་2026ལོའི་རྒྱལ་ཡོངས་ཀྱི་ཁག་དང་པོའི་ཞིང་ལས་ཐོན་རྫས་གྲགས་ཁྱད་ཕུལ་གསར་གྱི་མིང་གཞུང་ཁྱབ་བསྒྲགས་བྱས་པ་དང་། ཟངས་རི་རྫོང་གི་ཁུལ་ལྡན་ར་གྲུབ་འབྲས་ཐོབ་པའི་ངང་བདམས་ཐོན་བྱུང་ནས་རྒྱལ་ཁབ་རིམ་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་མིང་གྲལ་ནང་ཚུད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟངས་རི་རྫོང་གི་ཁུལ་ལྡན་ར་ནི་ཟངས་རི་རྫོང་ཁོ་ནར་ཡོད་པ་དང་བོད་ཀྱི་ར་གཞན་དང་ཁྱད་པར་མངོན་གསལ་དོད་པོ་ཡོད་པས་རྩ་ཆེའི་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།