དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རིག་ལྡན་ཞིང་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-04

    ཉེ་བའི་ལོ་ཤས་རིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རང་ལྗོངས་ཀྱི་ཞིང་འབྲོག་ལས་རིག་ནུས་ཅན་དང་། ལྗང་མདོག་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད་པ་དང་། རིག་ནུས་དྲོད་ཁང་དང་། ས་མེད་འདེབས་གསོ། ཆུ་གྲོན་ཆུང་གི་ཞིང་ཆུ་གཏོང་འདྲེན་སོགས་ཀྱི་ལག་རྩལ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་པས། སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་རིམ་གྱིས་འགྱུར་ལྡོག་ཕྱིན་ནས་ཚན་རྩལ་འདི་ཉིད་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་སུ་གྱུར་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ལས་དོན་པས་ཡུག་སྦྲེལ་དྲོད་ཁང་ནང་ལས་ཀ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།