དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་གཞོན་ནུས་ཕི་ཁེ་སྤོ་ལོའི་མཛའ་གྲོགས་ཀྱི་ལེའུ་གསར་མུ་མཐུད་རྩོམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-03

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་30ཉིན་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས“ཕི་ཁེ་སྤོ་ལོའི་མཚན་མོ”དང“ཀྲུང་གོར་སྐྱོད་པའི”དངོས་མཚོན་པར་གཞིའི་པར་ཕུད་བསྟན་པ་རེད། ཀྲུང་གོར་འཚམས་འདྲིར་སླེབས་པའི་ཨ་རིའི་གཞོན་ནུ་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་ཚོགས་པའི་དགེ་སློབ་དང་ཁྱིམ་བདག་སོགས་མཉམ་དུ་འཛོམས་ནས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི“སྤོ་ལོར་བརྟེན་ནས་གྲོགས་པོ་སྒྲིག་པ”ནས“གཅིག་སེམས་གཅིག་སྦྲེལ”གྱི་མཛེས་སྡུག་ལྡན་པའི་མྱོང་བརྒྱུད་བསྐྱར་དྲན་བྱས་ཡོད།

    ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཧྥུང་གིས། མིག་སྔར་ཀྲུང་ཨའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་པས་ང་ཚོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་སུ་མཉམ་ལས་གཙོ་བོར་འཛིན་པ་དང་། འགྲན་རྩོད་ལ་ཚད་ཡོད་པ། མི་མཐུན་པའི་ཆ་ཚོད་འཛིན་ཐུབ་པ། ཞི་བདེ་ཡོང་རེ་ཡོད་པ་བཅས་ཀྱི་དམིགས་ཚད་དུ་ཕྱོགས་ནས་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་དུས་སྐབས་གསར་པའི་ཀྲུང་ཨ་མཉམ་གནས་ཀྱི་ལམ་བུ་ཡང་དག་མཉམ་དུ་འཚོལ་ཞིབ་བྱེད་དགོས་ཞེས་བརྗོད། ཤེ་ཧྥུང་གིས་ཀྲུང་ཨའི་གཞོན་ནུས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་བློ་སེམས་གཅིག་མཐུན་གྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། སྤེལ་རེས་དང་མཉམ་ལས་རྒྱ་ཆེར་བཏང་ནས་བརྟན་ལྷིང་གི་གཞི་རྩ་བརྟན་དུ་གཏོང་བ། ལང་ཚོའི་འགན་སེམས་མངོན་ནས་མཉམ་དུ་འབྱུང་འགྱུར་གཏོད་པ་བཅས་ཀྱི་རེ་བ་ཡོད་ཅེས་བརྗོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ“ཀྲུང་གོར་སྐྱོད་པའི”དངོས་མཚོན་པར་གཞི་བསྟན་པ་རེད། ཀྲུང་ཨའི་སློབ་མ་རིག་གནས་ཉམས་ལེན་གྱི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་ལང་ཚོའི་འགྱུར་ཁུག་ལ་བརྟེན་ནས་མཛའ་གྲོགས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གླེང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།